ཕྱི་ཟླ་བདུན་པའི་ཚེས་༤ ཉིན་ཨ་རི་རྒྱལ་ཡོངས་སུ་རང་བཙན་ཉིན་མོར་མི་མང་གིས་གླིང་ཁ་གཏོང་བ་དང་། གླུ་གཞས་རོགས་ཚོགས་སོགས་ཀྱི་བྱེད་སྒོ་མང་པོའི་སྒོ་ནས་ཨ་མི་རི་ཀ་རྒྱལ་ཁབ་འདི་བཞིན་དབྱིན་ཇི་དང་ལོགས་སུ་ཐོན་ནས་རང་བཙན་གསལ་བསྒྲགས་བྱས་ཏེ་ལོ་ངོ་༢༤༧ འཁོར་བའི་དགའ་སྟོན་གྱི་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་རེད།།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་ཡུག་ཀེ་རན་མི་མང་གིས་ཝ་གྷི་ནེར་གྱེན་ལོག་ལ་རེ་ལྟོས། ཝ་གྷི་ནེར་གྱེན་ལོག་གིས་པུ་ཊིན་གྱི་དབང་སྟོབས་ལ་ཤུགས་རྐྱེན། ཨུ་རུ་སུའི་ནང་གི་གྱེན་ལོག་ལ་ཨ་རིའི་གཞུང་གི་རྣམ་འགྱུར། རྒྱལ་སྤྱིའི་སྟེང་བོད་ཀྱི་གནད་དོན་ལ་དོ་སྣང་ཆེ་རུ་གཏོང་དགོས་པ་སོགས་ཡོད།
ཨ་རིའི་ནང་Juneteenth གཞུང་འབྲེལ་གྱི་གུང་གསེང་ཉིན་མོ་དྲུག་པའི་བཅུ་དགུ་སྲུང་བརྩི་ཞུས། དེ་ནི་ཨ་རིའི་ནང་འཁྲུག་གི་མཇུག་སྟེ་༡༨༦༥ ལོའི་ཟླ་དྲུག་པའི་ཚེས་༡༩ ཉིན་ཊེ་ཀི་ས་སི་མངའ་སྡེའི་གྲོང་ཁྱེར་Galveston དུ་ཨ་རིའི་དམག་མི་འབྱོར་ནས་དེ་གའི་མི་རིགས་ནག་པོའི་བྲན་གཡོག་རྣམས་ལ་རང་དབང་སྤྲད་པའི་གསལ་བསྒྲགས་བྱས་པ་ལས་བྱུང་།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་ཟུར་པ་ཊམ་གྱིས་ཁྲིམས་ཁང་དུ་ཉེས་པ་ངོས་ལེན་བྱས་མེད་པ་དང་། རྒྱ་ནག་གིས་ཀུ་བྷའི་ནང་གསང་མྱུལ་ལྟེ་གནས་ཚུགས་པར་ངོ་རྒོལ། ༧གོང་ས་མཆོག་གིས་རྒྱ་ནག་ཉམས་ཞིབ་པ་དང་རྒྱ་གར་གྱི་གཞོན་སྐྱེས་ནང་པ་རྣམས་ལ་མཇལ་མོལ། ཨུ་ཡུག་གམག་འཁྲུག་གི་གནས་སྟངས་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ་དང་། ཡུག་ཀེ་རན་གྱི་ཆུ་མཛོད་གཏོར་བ། ཨུ་རུ་སུས་ཨི་རན་གྱི་གཡོ་ཁྲབ་ལག་ལེན། ཨ་རི་དང་རྒྱ་ནག་བར་གྱི་འཐེན་འཁྱེར། ཏུར་ཀིའི་སྲིད་གཞུང་གསར་པའི་ཕྱི་སྲིད་སོགས་ཡོད།
གཟའ་འཁོར་སྔོན་མའི་གཟའ་མཇུག་ཏུ་ཨ་རི་དང་རྒྱ་ནག་གི་རྒྱལ་སྲུང་འགོ་ཁྲིད་ཚོས་ཐེ་ཝན་མཚོ་འགག་གི་ཐོག་ཕྱོགས་གཞན་དེ་ཡིས་འཁོན་འཛིན་ཇེ་ཆེར་གཏོང་གི་ཡོད་པའི་ཕན་ཚུན་སྐྱོན་འཛུགས་བྱེད་རེས་བྱས་ཏེ། ཡུལ་གཉིས་དབར་ད་ལྟ་གནས་སྟངས་ཇེ་སྡུག་ཏུ་སོང་ཡོད་པའི་སྐོར་ལ་གནས་ཚུལ་ཕྱོགས་བསྡུས་བྱས་པ་དེ་གསན་རོགས་གནང་།།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་ཉིན་གཉིས་རིང་གི་ཆོས་འབྲེལ་བསྐྱངས་པ་དང་། ཨ་རིའི་གཞུང་བུན་ཚད་བཀག་ཐད་དེ་རིང་གྲོས་ཚོགས་སུ་བགྲོ་གླེང་། ཏུར་ཀིའི་སྲིད་འཛིན་གསར་པ་དང་ཨ་རི། ཨུ་རུ་རུའི་རྒྱལ་སར་གཏོར་རྒོལ་བཏང་བ། ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་སོགས་ཡོད།
ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཚོགས་འདུའི་སྟེང་རྡུལ་ཕྲན་དང་འབྲེལ་བའི་གསལ་བསྒྲགས་ལ་བསྔགས་བརྗོད་གནང་བ། རྒྱ་ནག་གིས་དོན་ཚན་བཅུ་བདུན་ཉིན་མོ་སྲུང་བརྩི། ཨ་རིའི་གཞུང་བུན་ཚད་བཀག ཨ་རིའི་ཞི་བདེའི་རྒྱ་མཚོའི་ཐབས་ཇུས་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་རྒྱ་གར་གྱི་རྒྱལ་སར་པཎ་ཆེན་རིན་པོ་ཆེ་གློད་གྲོལ་གཏོང་དགོས་པའི་ལས་འགུལ་སྤེལ་བ་དང་། རྒྱ་གར་གྱི་རྩེད་འགྲན་པ་ཁག་ཅིག་གིས་གོང་ས་མཆོག་ལ་མཇལ་བཅར་ཞུས་པ། ཡུག་ཀེ་རན་གྱི་སྲིད་འཛིན་གྱིས་ཡུ་རོབ་ཏུ་རྒྱབ་སྐྱོར་བཙལ་བ། རྒྱ་དཀར་ནག་གཉིས་ཀྱི་དམག་དཔུང་བཀོད་གཤོམ་སོགས་ཡོད།
ལོ་ངོ་གཅིག་གི་སྔོན་དུ་ཨུ་རུ་སུས་ཡུག་ཀེ་རན་གྱི་ནང་བཙན་འཛུལ་བྱས་སྐབས། ཡུ་རོབ་མནའ་འབྲེལ་གྱིས་ཨུ་རུ་སུའི་ཕྱི་རྒྱལ་དུ་ཡོད་པའི་་རྒྱུ་ནོར་ཁག་ཚོང་སྒྱུར་བཀག་སྡོམ་གནང་སྟེ་དཔལ་འབྱོར་ཉེས་ཆད་བཀག་སྡོམ་གནང་བ་དང་། དམ་དྲག་འོག་ཡོད་པའི་ཨ་སྒོར་ཐེར་འབུམ་མང་པོ་ཇི་ལྟར་བེད་སྤྱོད་བྱེད་མིན་གྱི་སྐོར་བགྲོ་གླེང་ཡོང་བཞིན་པ་རེད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ལ་མྱ་ངན་དང་། ཨུ་རུ་སུས་རྒྱལ་ཁའི་དུས་དྲན་སྲུང་བརྩི། ཨུ་རུ་སུའི་རྡོ་སྣུམ་ཕྱིར་འཚོང་། པ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་འཛིན་བཟུང་དང་ཟིང་ཆ། ཨེ་སི་རལ་དང་ཇོར་ཌན་བར་གྱི་ཆུ་བེད་དང་ཉི་ནུས་འབྲེལ་ལམ་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པའི་བཀའ་སློབ་དང་། སྲོག་ཆགས་ཀྱི་ཚོར་ཤེས་ཚོགས་འདུར་ཆིབས་སྒྱུར་བསྐྱངས་པ། བོད་ཁམས་གསར་འགྱུར། སྲིད་སྐྱོང་གི་ཕྱོགས་སྐྱོད། ཨ་རི་དང་ཧྥེ་ལེ་པིན་གྱི་འབྲེལ་ལམ། སུའུ་ཏན་གྱི་དམག་འཁྲུག་གནས་སྟངས་སོགས་ཡོད།
ཡུག་ཀེ་རན་གྱི་སྲིད་འཛིན་གྱིས་ཆེས་དེང་རབས་ཅན་གྱི་མཁའ་དམག་གནམ་གྲུའི་སྦྱོང་བརྡར་སྤྲོད་རྒྱུར་དུས་ཡུན་འགོར་སྲིད་པར་བརྟེན། ཡུག་ཀེ་རན་གྱིས་ཨ་མི་རི་ཀའི་འཐབ་འཛིང་གནམ་གྲུ་མེད་པའི་ཐོག་ནས་ཨུ་རུ་སུར་ཕར་རྒོལ་དམག་འཐབ་ཞིག་འགོ་འཛུགས་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་ཀྱང་ཨུ་རུ་སུས་ཡུག་ཀེ་རན་ལ་གཏོར་རྒོལ་དྲག་པོ་གཏོང་བཞིན་པ།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་ཇཱོ་བྷ་ཌན་བསྐྱར་དུ་འོས་བསྡུར་ལངས་རྒྱུ། གྲོས་ཚོགས་ཀྱིས་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་ཟིང་ཆར་ཞིབ་འཇུག ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མིར་མཇལ་ཁ། ཨ་རི་དང་ལྷོ་ཀོ་རི་ཡའི་དབུ་ཁྲིད་གཉིས་ཀྱི་མཇལ་འཛོམས།
ཨུ་རུ་སུ་དང་ཡུག་ཀེ་རན་དབར་གྱི་དམག་འཁྲུག་འདི་ནི་ཡུག་ཀེ་རན་གྱི་བདག་དབང་འཐབ་རྩོད་་ཞིག་ཡིན་པ་དང་། དམག་འཁྲུག་དུས་ཡུན་རིང་ཤོས་དང་གནོད་འཚབ་ཆེ་ཤོས་བྱ་ཡུལ་བྷག་མུད་ཀྱི་ཉེ་འགྲམ་གྲོང་ཁྱེར་ཆ་སིབ་ཡར་གྱི་ནང་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྐྱོད་ནས་གནས་ཚུལ་ཕྱོགས་བསྡུས་བྱས་པ་དེ་གསན་རོགས་གནང་།།
.
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བཀའ་ཤག་གིས་བོད་ཀྱི་མ་འོངས་འགན་སྲུང་ཡིག་ཆ་དབུ་འབྱེད་གནང་བ་དང་། ཨ་རི་དང་ཧྥེ་ལེ་པིན་གྱི་མཉམ་འབྲེལ་དམག་སྦྱོང་། ཐེ་ཝན་གྱིས་རྒྱ་ནག་གི་དམག་སྦྱོང་ལ་ཁ་རྡུང་། ཨ་རིའི་གསང་བའི་ཡིག་ཆ་ཕྱིར་གྱར་ལ་བརྟག་དཔྱད་ཞིབ་འཇུག་བྱེད་བཞིན་པ་སོགས་ཡོད།
སྲིད་འཛིན་བྷ་ཌན་རེས་གཟའ་མིག་དམར་ཉིན་ཨེ་ཨེར་ལན་དུ་གཟིགས་སྐོར་དུ་ཕེབས་ཏེ་དེ་གའི་ཡུལ་མི་རྣམས་དང་དབྱིན་ཇིའི་དབང་འཛིན་འོག་ཡོད་པའི་བྱང་ཨེ་ཨར་ལན་གྱི་དབར་ལོ་ངོ་བཅུ་ཕྲག་གཉིས་ལྷག་ཙམ་སོང་བའི་ཆོས་ལུགས་འཐེན་འཁྱེར་གྱི་འཐབ་འཁྲུག་དཀའ་རྙོག་མཇུག་སྒྲིལ་རྒྱུར་༡༩༩༨ ལོར་བཞག་པའི་ཞི་བའི་གྲོས་མཐུན་སྐོར་ལ་གྲོས་མོལ་གནང་རྒྱུ།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་རྒྱ་གར་གྱི་སློབ་ཕྲུག་ལ་མཇལ་ཁ་གནང་བ་དང་། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་འདུ་དང་བསྟུན་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་ངོ་རྒོལ། ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་གི་གནད་དོན་ཐད་ཉན་ཞིབ། ཡུག་ཀེ་རན་གྱི་དམག་འཁྲུགསོགས་ཡོད།
མོལ་ཌོ་ཝ་མནའ་མཐུན་རྒྱལ་ཁབ་ཀྱིས་ཡུག་ཀེ་རན་ལ་རྒྱབ་སྐྱོར་བྱས་རྐྱེན་ཡུལ་འདིའི་དཔལ་འབྱོར་ཐོག་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་རེད། མོལ་ཌོ་ཝ་ཡུལ་འདི་འཚོ་གནས་ཀྱི་ཆེད་ཨུ་རུ་སུའི་ནུས་ཤུགས་མཐུན་རྐྱེན་གྱི་ཐོག་རེ་ལྟོས་བྱེད་དགོས་ཀྱི་ཡོད་པར་བརྟེན། ཨུ་རུ་སུས་མོལ་ཌོ་ཝའི་ཐོག་ལ་སྡིགས་སྐུལ་བྱས་ཏེ་ཆེད་མངགས་དཀའ་ངལ་བཟོ་གི་ཡོད།
མང་སྣོན།