ཡུ་ཀེ་རན་གྱི་བྱིས་པ་ཚོ་རྒྱལ་ཁའི་མི་རབས་ལས་དམག་འཐབ་ཀྱི་གོད་ཆག་ལ་ངོས་འཛིན་བྱེད་ཀྱི་མེད་པ།

ཡུ་ཀེ་རན་གྱི་སྲིད་འཛིན་གྱི་ལྕམ་ཨོ་ལེ་ན་ ཛི་ལནྶ་ཀིས་

རེས་གཟའ་ལྷག་པའི་ཉིན་ཡུ་ཀེ་རན་གྱི་སྲིད་འཛིན་གྱི་ལྕམ་ཨོ་ལེ་ན་ ཛི་ལནྶ་ཀིས་དམག་འཐབ་འོག་སྐྱོན་ཆག་བྱུང་བའི་བྱིས་པ་གསོ་སྐྱོང་ཁང་ཞིག་ཏུ་གསར་འགོད་པ་ཚོར་གསུངས་དོན་ལ་ ཨུ་རུ་སུ་དང་ཡུ་ཀེ་རན་གྱི་དམག་འཐབ་སྐབས་སྐྱེས་པ་དང་ཚར་ལོངས་བྱུང་བའི་ཡུ་ཀེ་རན་གྱི་བྱིས་པ་རྣམས་ཚེ་སྲོག་གི་ཉེན་ཁ་ནས་ཐར་མཁན་ཙམ་མིན་པར་རྒྱལ་ཁའི་མངོན་དུ་ཕྱོགས་པའི་མི་རབས་གཅིག་རེད་ཅེས་གསུངས་འདུག

ཁོང་གིས་མུ་མཐུད་གསུངས་དོན། དམག་འཁྲུག་འདིའི་རིང་ཡུ་ཀེ་རེན་ས་ཐོག་བྱིས་པ་རྣམས་སེམས་གཅོང་གིས་ཕོངས་པའི་མི་རབས་ཞིག་ཆགས་ནས་མི་རབས་དེ་ཆུད་བཟོས་སུ་འགྲོ་ཉེན་ཡོད་པ་དེ་འདྲ་མི་ཡོང་བའི་ཆེད་དུ་མི་རབས་རྒན་པ་ཚོས་རྒན་པ་ཡིན་པའི་ཆ་ནས་མྱུར་དུ་ལས་འགུལ་སྤེལ་དགོས་ཀྱི་རེད་ཅེས་སོགས་གསུངས་ནས་ལོ་གསུམ་འགྲོ་གྲབས་ཡོད། ཡུ་ཀེ་རེན་ས་ཐོག་དམག་འཁྲུག་དེས་རྒྱལ་ཁབ་ནང་གི་ཕྲུག་གུའི་མི་རབས་ཆ་ཚང་སྲོག་མཐར་ནའང་སེམས་ནད་དང་ཀླད་པར་སྐྱོན་གྱི་མནར་བ་དེ་འདྲ་མིན་པ་བཟོ་དགོས་ཀྱི་ཡོད་ཅེས་གསུངས་འདུག

འགྲོ་གྲོན་ཡོངས་རྫོགས་ཀྱི་འབྱུང་ཁུངས་ཕྱི་རྒྱལ་ཁག་ནས་ཞལ་འདེབས་ནས་འཛིན་སྐྱོང་བྱས་པའི་སྲིད་འཛིན་གྱི་སྐུ་ཟླའི་མཚན་ཐོག་ཐེབས་རྩ་དང་རྒྱལ་ས་ཀིཝ་ནང་གི་དཔལ་འབྱོར་རིག་གནས་ཀྱི་སློབ་གྲྭ་ཞིག་གིས་ལྷན་དུ་ད་ལོ་ཉམས་ཞིབ་གནང་བའི་ནང་ཡུ་ཀེ་རེན་ས་ཐོག་གི་ལོ་ཆུང་བྱིས་པ་ཡོངས་ཀྱི་ཕྱེད་ཀ་མིན་ཙམ་ལ་དངངས་སྐྲག་དང་སེམས་ངལ་འཕྲད་པ་ལ་བརྟེན་ནས་སེམས་གཅོངས་ཀྱི་རྟགས་ཡོད་པ་ཐོན་འདུག

ཨུ་རུ་སུས་ཡུ་ཀེ་རེན་ལ་བཙན་འཛུལ་འགོ་བཙུགས་པའི་འགོ་སྟོད་ནས་ཡུ་ཀེ་རེན་གྱི་སྲིད་འཛིན་གྱི་ལྕམ་ཨོ་ལེ་ན་ ཛ་ལེནྶ་ཀིས་རྒྱལ་སྤྱིའི་ནང་ལ་ཡུ་ཀེ་རེན་གྱི་གཞུང་འབྲེལ་མིན་པའི་གཞུང་ཚབ་ལྟ་བུ་གནང་ཡོད་པ་མ་ཟད། རྒྱལ་ནང་དུ་དམག་འཁྲུག་གིས་ཁ་ཐོར་བཏང་བའི་དུད་ཚང་དང་དམག་འཐབ་ཀྱི་རྨས་པའི་དམག་མི་ཚོ་ལ་ཡང་ཡང་མཇལ་འཕྲད་ལ་ཕེབས་ཀྱི་ཡོད་པ་མ་ཟད། རྒྱལ་ནང་དང་རྒྱལ་སྤྱི་གཉིས་ཀར་རྒྱལ་ཁབ་ཀྱི་ཐུགས་ཁུར་བཞེས་ཡོད་པ་རེད། ད་ཆ་དམག་འཁྲུག་གི་སྐྱོན་ཆག་བྱུང་བའི་ཡུ་ཀེ་རེན་གྱི་བྱིས་པ་ཚོ་བདེ་ཐང་ཚར་ལོངས་ཡོང་ཐབས་ཀྱི་ལས་འགུལ་སྤེལ་བའི་ནང་ཁོང་རང་གི་མཚན་ཐོག་ཐེབས་རྩས་དམག་འཁྲུག་གི་བརྡབ་གསིག་ལ་བརྟེན་ནས་བྱིས་པའི་ལུས་སེམས་གསོ་བའི་ལྟེ་གནས་ཁང་དང་ལས་འགུལ་སོགས་ཀྱི་སྦྱིན་བདག་གནང་བཞིན་པ་རེད་འདུག

ཁོང་གིས་བྱིས་པ་ཚོ་ལ་བཀའ་མོལ་གནང་བ་དང་བསྟན་བཤིག་བསླངས། སྐུ་རྩེད་གནང་པ་སོགས་ཀྱི་སྐབས་ཞིག་ལ་གསུངས་གསལ། སློབ་གྲྭ་ཚོ་དུས་རྒྱུན་བཞིན་འགོ་ཚུགས་ཐུབ་པ་དང་། ཕྲུག་གུ་ཚོ་སློབ་གྲྭར་གཏང་ནས་ཕ་མ་ཚོ་བློ་བདེ་བོ་ཚོར་བའི་གནས་སྟངས་ཞིག་སྒྲུབ་རྒྱུར་དམག་འཁྲུག་མཇུག་སྒྲིལ་དགོས་ཀྱི་ཡོད་རེད། ཕྲུག་གུ་ཚོ་སོ་སོའི་རོགས་པ་ཕྲུག་གུ་གཞན་དང་དགེ་རྒན་སོགས་ལྷན་དུ་སློབ་གྲྭ་མཉམ་དུ་འཚོགས་ཐུབ་རྒྱུར་ང་ཚོས་འདོད་པ་བྱེད་ཀྱི་ཡོད། འོན་ཀྱང་དེ་ལྟར་འཆར་གཞི་བཞིན་ཡོང་བ་མི་འདུག་ཅེས་གསུངས་འདུགག

ཨེ་པི་གསར་ཁང་ནས་བཏུས།

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།