རྒྱ་གར་ལྷོ་ཕྱོགས་སུ་དཔལ་རྒྱལ་བ་ཀརྨ་པ་མཆོག་དགུང་གྲངས་༤༠ ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

Your browser doesn’t support HTML5

ཕྱི་ཟླ་༦ ཚེས་༣༠ ཉིན་ནི་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དགུང་གྲངས་༤༠ ཕེབས་པའི་སྐུའི་འཁྲུངས་སྐར་ཡིན་པ་ལྟར་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ས་གནས་རྒྱ་གར་གྱི་གནད་ཡོད་སྐུ་མགྲོན་དང་བོད་མི་རྣམས་ནས་དགའ་དད་སྤྲོ་གསུམ་ངང་སྐུའི་འཁྲུངས་སྲུང་བརྩི་དང་ལྗོན་ཤིང་འདེབས་འཛུགས་གནང་།