ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨ་རིའི་རླུང་འཕྲིན་ཁང་དུ་གནང་བའི་གསུང་བཤད།

༄༅།། རྣམ་པ་ལྷན་རྒྱས་ཕྱི་དྲོར་བདེ་ལེགས། རྣམ་པ་ཚོས་སྣེ་ལེན་གཟབ་རྒྱས་ཞུས་པར་བཀའ་དྲིན་ཆེ། མཱེ་ཁེལ། སྐུ་ཉིད་ཀྱིས་སྒྲིག་འཛུགས་གལ་ཆེན་འདིར་འགོ་ཁྲིད་གང་ལེགས་གནང་བར་བཀའ་དྲིན་ཆེ། བྷོབ་སླར་ཡང་ཨ་རིའི་རླུང་འཕྲིན་ཁང་གི་འགོ་ཁྲིད་ལ་ཕེབས་པར་རྟེན་འབྲེལ་ཞུ། དེ་རིང་སྐུ་ཉིད་ཀྱིས་ང་གཏམ་བཤད་བྱེད་དུ་མགྲོན་འབོད་གནང་བ་ནི་གཟི་བསོད་ཅིག་ལ་རྩི་བཞིན་ཡོད། བློས་ཐུབ་ཀྱི་གྲོགས་པོ་ཚོའི་མཉམ་དུ་ལྷན་འཛོམས་བྱུང་བ་ནི་རྟག་ཏུ་སྤྲོ་སྣང་འཕེལ་བ་ཞིག་ལོས་ཡིན།

དེ་རིང་འདིར་དཀྱིལ་ཤར་ས་ཁུལ་གྱི་རྒྱང་སྲིང་དྲྭ་ལས་ཁང་གི་འགན་འཛིན་ཝྭིཀ་ཊོ་རི་ཡ་ཀོ་ཏེ་སི་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་སི་ཊིབ་ཡེ་ཊི་སི། དེ་བཞིན་རྒྱལ་སྤྱིའི་རྒྱང་སྲིང་ལས་ཁུངས་ཁག་གི་འགན་འཛིན་རྣམས་ཕེབས་ཡོད་པར་ལེགས་གསོལ་ཞུ་རྒྱུ་ཡིན།
ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྣམས་དང་ལས་བྱེད་པ། རྒྱང་སྲིང་གསན་གཟིགས་གནང་མཁན་ཡོངས་ལ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། ང་ལ་རྣམ་པ་ཚོའི་འཛམ་གླིང་གི་མཐའ་གྲུ་ཀུན་ཏུ་ཁྱབ་པའི་གསར་འགོད་པ་ཚོས་བཅར་འདྲི་ལན་མང་ཞུས་མྱོང་།
ད་ཐེངས་ཀྱི་གཏམ་བཤད་འདི་ཡང་རྣམ་པ་ཚོའི་སྐད་ཡིག་༤༠་ལྷག་གི་བརྙན་འཕྲིན་དང་རླུང་འཕྲིན། དྲྭ་རྒྱ་དང་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་བཅས་སུ་རྒྱང་སྲིང་ཞུ་ཡི་ཡོད་ཤེས་རྟོགས་བྱུང་།
ལོ་ཙཱ་བ་རྣམས་ལའང་གུས་འདུད་ཞུ། ངས་སྐད་ཆ་མགྱོགས་པོ་བཤད་ཀྱི་ཡོད་པ་རྣམས་ཨུ་ཛི་བྷེཀ་སྐད་ལ་ཇི་ལྟར་བསྒྱུར་དགོས་པ་མི་ཤེས། ལོ་ཙཱ་བ་དེར་དམིགས་བསལ་གྱི་ལེགས་གསོལ་འབབ།
ང་འདི་གར་བཅར་འདྲི་བྱེད་་རྒྱུ་བྱུང་བ་ནི་ངོ་མར་གཟི་བསོད་ཅིག་ལ་རྩི་བཞིན་ཡོད། ངས་ལོ་བཅུ་ཕྲག་མང་པོའི་སྔོན་ནས་རྣམ་པ་ཚོའི་ལས་དོན་ལ་དོ་སྣང་བྱེད་ཀྱི་ཡོད།།
རྣམ་པ་ཚོ་མང་དག་ཅིག་གིས་མཁྱེན་གསལ་ལྟར་ངའི་ཆེད་ལས་ནི་དམག་མིའི་འགོ་ཁྲིད་ཅིག་ནས་མགོ་བརྩམས། ལྕགས་གྲྭའི་ཁྲ་ཡོལ་དང་རང་དབང་གི་མདུན་སར་སྐོར་གཡེང་བྱས་པ་ཡིན། ང་ས་མཚམས་བརྒལ་ནས་ཤར་འཇར་མན་ཎིར་འཛུལ་མི་ཆོག་པ་དང་ནུབ་འཇར་མན་ཎི་ལའང་འཛུལ་མི་ཆོག འོན་ཀྱང་ཨ་རིའི་རླུང་འཕྲིན་ཁང་གི་རྒྱང་སྲིང་ཁྱབ་ཐུབ།།
ང་ཚོས་ནམ་ཡང་མིང་སོགས་ཤེས་རྟོགས་མི་ཐུབ་པའི་སྐྱེ་བོ་ཕོ་མོ་ས་ཡ་མང་པོས་རང་སྲོག་འབེན་ལ་བཙུགས་ནས་རྣམ་པ་ཚོར་ཉན་གྱི་ཡོད་པ་ཤེས་ཐུབ། ཁོ་ཚོའི་སྲིད་གཞུང་ཁག་གིས་རྫུན་འབའ་ཞིག་དང་དྲིལ་བསྒྲགས་ཁོ་ན་སྒྲོགས་ཀྱི་་ཡོད་པས་ཨ་རིའི་རླུང་འཕྲིན་ཁང་གི་གསན་མཁན་ཚོར་བདེན་པ་མཁོ་གལཡི་ཡོད་པ་རེད། ཁོ་ཚོའི་དགོས་མཁོ་དེ་ཁྱེད་ཚོས་སྐུང་གི་ཡོད་པ་རེད།།
༡༩༤༢་ལོར་ཨ་རིའི་རླུང་འཕྲིན་ཁང་གི་རྒྱང་སྲིང་དང་པོ་ནི་སྤྱི་མཐུན་དམག་འཐབ་གླུ་དབྱངས་ཀྱིས་འགོ་བཙུགས་ཏེ་གསར་འགྱུར་བཟང་ངན་ལ་ཁྱད་པར་མེད། ང་ཚོས་རྣམ་པ་ཚོར་བདེན་པ་དེ་བཤད་རྒྱུ་ཡིན་ཞེས་དམ་བཅའ་བཞག་པ་རེད།
ང་ནི་དེ་ལ་དགའ་མོས་ཡོད། ངས་རང་གི་བུ་འཚར་ལོངས་འབྱུང་བཞིན་པའི་དུས་སུ་དཀའ་ལས་རྒྱོབ། ཡིད་ཆེས་མ་བརླགས། བདེན་པ་ཤོད་ཅེས་གདམས་མྱོང་། ཁོ་པ་དུས་སྐབས་ཕལ་ཆེ་བར་ངའི་ཁ་ཏའི་རྗེས་སུ་འབྲང་གི་འདུག
ཨ་རིའི་རླུང་འཕྲིན་ཁང་གི་ལས་འགན་ནི་བདེན་པ་དང་ཕྱོགས་སུ་མ་ལྷུང་བ། ཕྱོགས་ཡོངས་ཀྱི་གསར་འགྱུར་བསྒྲགས་ནས་ཨ་མི་རི་ཀའི་ངོ་ཚབ་མཚོན་དགོས།།

ཨ་རིའི་རྒྱལ་སྤྱིའི་གསར་འགྱུར་ལས་ཁུངས་ཀྱི་ལས་འགན་ནི་གནས་ཚུལ་མཁོ་སྤྲོད་དང་འབྲེལ་བ་འཛིན་རྒྱུ། འཛམ་གླིང་ཡོངས་ཀྱི་རང་དབང་དང་དམངས་གཙོར་རྒྱབ་སྐྱོར་བྱས་ནས་འབྲེལ་བ་མཐུད་རྒྱུ་བཅས་ཡིན། འདི་ནི་ཨ་མི་རི་ཀས་རྟག་ཏུ་རང་དབང་དང་དམངས་གཙོ་རྒྱ་སྐྱེད་གཏོང་གི་ཡོད་པས་རྣམ་པ་ཚོ་ཨ་མི་རི་ཀའི་ཐུན་མོང་མ་ཡིན་པའི་རིང་ལུགས་དེའི་མགྲིན་ཚབ་ཡིན།།

སྲིད་གཞུང་ཁག་ཅིག་གིས་གཏན་ནས་དགའ་མོས་མི་བྱེད་པ་རྣམས་ང་ཚོའི་རྒྱལ་ཁབ་འདིས་རྩ་འཛིན་བྱེད་བཞིན་ཡོད། ང་ཚོས་སྲིད་གཞུང་ཚུགས་པ་ནི་མི་དམངས་ལ་སྲི་ཞུ་སྒྲུབ་པའི་ཆེད་དུ་ཡིན་པ་ཤེས་ཡོད། ཁོ་ཚོས་མི་དམངས་འཚོ་གནས་བྱེད་དགོས་དོན་ནི་སྲིད་གཞུང་ལ་སྲི་ཞུ་སྒྲུབ་རྒྱུའི་ཆེད་དུ་རེད་བསམས་ཡོད་པ་རེད། ཨ་རིའི་རླུང་འཕྲིན་ཁང་གི་ལས་དོན་རྣམས་གལ་གནད་ཆེ། རྣམ་པ་ཚོ་རང་དབང་གི་མདུང་རྩེ་རེད། ཨ་རིའི་རླུང་འཕྲིན་ཁང་ལ་སྐད་ཡིག་༤༧་ཡོད་པ་རྣམས་བདུན་ཕྲག་རེར་མི་གྲངས་དུང་ཕྱུར་གཉིས་དང་བྱེ་བ་བདུན། ས་ཡ་བརྒྱད་ལ་སྙོབ་ཀྱི་ཡོད། ཨི་རན་བ་ཚོས་ཁ་ཆེའི་ལྕགས་སྒྲོག་འོག་ནས་དུས་ནམ་ཞིག་གྲོལ་ཐུབ་རྒྱུ་ཡིན་མིན་གྱི་རེ་ལྟོས་འཆང་ནས་རྣམ་པ་ཚོར་ཉན་གྱི་ཡོད་པ་རེད།།
མལ་དྷོ་ཝྭ་བ་དང་ཡུཀ་རེན་བ་ཚོར་དྲང་བདེན་གྱི་གསར་འགྱུར་མཁོ་བ་ལས་ཨུ་རུ་སུའི་འཁྱོག་བཤད་དང་དྲིལ་བསྒྲགས་མི་དགོས། ༡༩༤༩་ནས་གདུག་རྩུབ་འབའ་ཞིག་ལས་ཅི་ཡང་སྒྲུབ་ཀྱི་མེད་པའི་སྲིད་གཞུང་དེར་རྒྱ་ནག་གི་སྤྱི་དམངས་རྣམས་ཡི་ཐང་ཆད་འདུག ཝྭེ་ནེ་ཛུ་ལའི་མི་དམངས་ལ་མ་དྷུ་རོའི་སྲིད་གཞུང་གི་ལྐོག་ཟ་རུལ་སུངས་རྣམས་ཤེས་འདོད་ཡོད། གོ་ལའི་སྟེང་གི་གང་ས་གང་དུ་གཉའ་གནོན་མྱོང་བའི་མི་དམངས་རྣམས་ཀྱི་བློ་སེམས་ཨ་མི་རི་ཀའི་ཕྱོགས་སུ་གཏད་ནས་རེ་ལྟོས་འཆང་གི་ཡོད་པ་རེད། ངས་རྣམ་པ་ཚོ་མང་དག་ཅིག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་གཙོ་བོར་གྱུར་པའི་ས་གནས་གང་སར་ཆེད་ལས་བསྒྲུབས་ནས་དཔའ་རྟགས་བཞག་པ་ཤེས་ཀྱི་ཡོད། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཚོས་ཉེན་རྟོག་པའི་འཇིགས་སྐུལ་དང་སུན་གཙེར། རྡུང་རྡེག་བཅས་ལ་གདོང་ལེན་བྱས་ནས་ཧོང་ཀོང་གི་གནས་ཚུལ་རྒྱང་སྲིང་བྱས་པར་བསྔགས་བརྗོད་ཡོད། ཁྱེད་ཚོ་འགོག་རའི་མདུན་གྱི་རང་དབང་འཐབ་རྩོད་པ་རྣམས་ཀྱི་རྒྱབ་ལོགས་སུ་ཡོད་པ་དང་སྐབས་ཐོག་དེའི་གསར་འགྱུར་རྣམས་རྒྱང་སྲིང་བྱས། ཁྱེད་ཚོས་ཨ་རིའི་རླུང་འཕྲིན་ཁང་གི་ཕུལ་བྱུང་སྲོལ་རྒྱུན་གཅེས་འཛིན་དང་ཨ་མི་རི་ཀའི་ཐུན་མོང་མ་ཡིན་པའི་རིང་ལུགས་དེའི་མགྲིན་ཚབ་པར་གྱུར་ཡོད།།

ངས་གཏམ་བཤད་འདིར་གསན་བཞིན་པའི་རླུང་འཕྲིན་ལས་ཁུངས་གཞན་ཁག་ལའང་རྟེན་འབྲེལ་ཞུ་རྒྱུ་ཡིན། འཛམ་གླིང་འདིར་ཡུ་གུར་སྐད་ཡིག་གི་རླུང་འཕྲིན་སྡེ་ཚན་གཅིག་ལས་མེད་པ་ནི་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དུ་ཚུགས་ཡོད། ཞིན་ཅང་གི་ས་ཐོག་ཏུ་རྒྱ་ནག་དམར་ཤོག་ཚོགས་པས་ཡུ་གུར་མི་དམངས་ལ་དུས་རབས་འདིའི་ཆེས་གདུག་རྩུབ་ཀྱི་མནར་གཅོད་དང་དྲག་གནོན་བྱེད་ཀྱི་ཡོད་པ་རྣམས་ཀུན་ལ་ཐེར་འདོན་བྱས་པ་རེད། རྒྱ་ནག་དམར་ཤོག་ཚོགས་པས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དྲུག་གི་གཉེན་ཚན་རྣམས་བཙོན་འཇུག ཁོ་ཚོ་ངལ་རྩོལ་བཙོན་སྒར་ཁག་ལ་བཅུག་སྟེ་བཟའ་མི་རྣམས་ལ་སྡིགས་ར་བསྐུལ་ཡང་རྣམ་པ་ཚོས་ཆེད་ལས་རྒྱུན་འཁྱོངས་བྱས་པ་རེད། ཁྱེད་ཚོའི་ཆེད་ལས་དེར་བློ་སྟོབས་དགོས་པ་ཞིག་རེད།།
ངས་གཏམ་བཤད་མཇུག་བསྡུས་ནས་དྲི་བ་དྲིས་ལན་མ་བྱས་སྔོན་དེར་ཨ་རིའི་རླུང་འཕྲིན་ཁང་གི་ལས་འགན་དེ་གནད་འགག་ཆེན་པོ་ཅི་ཙམ་ཡིན་མིན་གྱི་ལུང་ཚིག་ཅིག་འདྲེན་རྒྱུ་ཡིན། ལུང་ཚིག་དེ་འཇོར་ཇཱི་ཝ་ཤིང་ཊོན་གྱི་གསུང་ཞིག་རེད། ཁོང་གིས་མཐར་ཐུག་བདེན་པའི་འོད་སྣང་གིས་སྡུག་བསྔལ་གྱི་མུན་པ་སེལ་ཐུབ་ཅེས་གསུངས། ཨ་མི་རི་ཀས་དུས་ནམ་ཞིག་འཛམ་གླིང་ཡོངས་ལ་བདེན་པ་བཤད་ན་འོད་སྣང་འགྱེད་ཀྱི་ཡོད་པ་རེད། དེ་ནི་ནམ་ཡང་བརྗེད་མི་ཉན། རྣམ་པ་ཚོ་དཀོན་མཆོག་གིས་སྲུང་གྱུར་ཅིག ཨ་རིའི་རླུང་འཕྲིན་ཁང་དཀོན་མཆོག་གིས་སྲུང་གྱུར་ཅིག ཨ་མི་རི་ཀ་དཀོན་མཆོག་གིས་སྲུང་གྱུར་ཅིག
ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕེའོ་ཡིས།
ཕྱི་ལོ་༢༠༢༡ ཟླ་༡ ཚེས་༡༡ ཉིན།
ཝ་ཤིང་ཊོན་དུ།།

༄༅།། ད་ལྟ་འཛམ་གླིང་འདིར་ཨ་རིའི་རླུང་འཕྲིན་ཁང་གིས་སྐད་གསེང་མཐོན་པོས་སྒྲོགས་བཞིན་པའི་རང་དབང་གི་དགོས་མཁོ་སྔར་ལས་ཇེ་ཆེར་སོང་ཡོད། དེར་བརྟེན་ང་འདིར་བཅར་བ་ཡིན། ཨ་མི་རི་ཀ་ནི་འཛམ་གླིང་གི་ཆེས་བླ་ན་མེད་པའི་རླབས་ཆེན་གྱི་རྒྱལ་ཁབ་དེ་དང་ཨ་རིའི་སྟོབས་ཤུགས་ཆེ་ཤོས་ནི་རང་དབང་གི་འབོད་སྒྲ་ཡིན། ངས་གང་དུ་ཡིན་རུང་ཨ་མི་རི་ཀའི་ཐུན་མོང་མ་ཡིན་པའི་རིང་ལུགས་དེ་ཉན་མཁན་ཚོར་བཤད་ཀྱི་ཡོད། ཅིའི་ཕྱིར་ཞེ་ན་དེ་ནི་བདེན་པ་ཡིན། ཨ་མི་རི་ཀའི་རྩ་བ་ཚུགས་ས་ལེགས་པར་རྟོགས་པའི་མི་ཚོས་ཨ་མི་རི་ཀ་ནི་ཡག་པོ་དང་རླབས་ཆེན་ཞིག་ཡིན་པ་ཤེས་ཐུབ། མཱེ་ཁེལ་དང་བྷོབ་གཉིས་ཀས་མི་ཚེ་ཧྲིལ་པོར་ལམ་ལུགས་འདིར་ཞིབ་འཇུག་བྱས་པ་རེད། ཁྱེད་ཚོ་མང་དག་ཅིག་གིས་ཀྱང་ལམ་ལུགས་འདི་རང་གི་མི་ཚེའི་ཆེད་ལས་སུ་བསྒྱུར། རྒྱུ་མཚན་དེའི་ཆ་ནས་རྣམ་པ་ཚོས་ཨ་རིའི་རླུང་འཕྲིན་ཁང་དུ་ཆེད་ལས་སྒྲུབ་ཀྱི་ཡོད་པ་རེད། ང་ཚོ་ནི་འགྲོ་བ་མི་ཐམས་ཅད་ལ་ནམ་ཡང་འཕྲོག་ཏུ་མེད་པའི་ལྷན་སྐྱེས་སུ་གྲུབ་པའི་ཐོབ་ཐང་ཁག་ཅིག་ཡོད་པར་ངོས་འཛིན་བྱེད་མཁན་རྒྱལ་ཁབ་ཐོག་མ་དེ་ཡིན། སྲིད་གཞུང་ནི་དཀོན་མཆོག་གིས་སྩལ་བའི་ཐོབ་ཐང་དེ་རྣམས་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཚུགས་པར་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་མཉམ་འབྲེལ་རྒྱལ་ཁབ་འདི་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུའི་འབད་པ་བྱེད་བཞིན་ཡོད། ང་ཚོར་རྟག་ཏུ་གྲུབ་འབྲས་ཡག་པོ་ཞིག་འཐོན་གྱི་ཡོད་པ་དེ་འདྲ་ཞིག་མིན། ང་ཚོས་རང་གི་འདས་པ་དང་ད་ལྟ་གཉིས་ཀ་སྤོབས་པ་དང་ཚུལ་མཐུན་བྱ་དགོས། ཧྥི་ལི་ཌལ་ཧྥི་ལི་དང་གྷེ་ཐི་སི་བྷག སེ་ན་ཁ་ཧྥལ་སི་དང་མར་ཊིན་ལུ་ཐུར་ཀིང་གི་སྣེ་ཁྲིད་འོག་ཏུ་ཝ་ཤིང་ཊོན་ལ་མདུན་སྐྱོད་བྱས་པ་སོགས་ཡུལ་དུས་གང་དུ་ཡིན་རུང་ཨ་མི་རི་ཀ་བ་རྣམས་རང་གི་རྩ་འཛིན་གྱི་ལྟ་གྲུབ་ཐོག་ཏུ་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཡོད། ང་ཚོས་ཡང་ནས་ཡང་དུ་རང་གི་རྩ་འཛིན་གྱི་དམ་བཅའ་རྣམས་ཇེ་ལེགས་སུ་བཏང་ཡོད། ང་ཚོའི་ཁ་གཏད་ཚོས་དེའི་ལྡོག་ཕྱོགས་སུ་འབད་ཀྱི་རེད། རྒྱ་ནག་དམར་ཤོག་ཚོགས་པས་འཇོར་ཇཱི་ཧྥུ་ལོ་དབྱི་ཌི་སྟབས་མ་ལེགས་པར་རྐྱེན་འདས་སུ་གྱུར་པའི་གོ་སྐབས་བཟུང་སྟེ་རྒྱ་ནག་གི་སྲིད་དབང་སྒེར་གཅོད་ལམ་ལུགས་ནི་ཨ་མི་རི་ཀའི་ལམ་ལུགས་ལས་མཆོག་ཏུ་གྱུར་པ་ཡིན་ཞེས་བསྒྲགས། ངས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་དེ་ལ་ལན་བཏབ་པ་ཡིན། བསྐལ་བ་ཡག་པའི་དུས་སུའང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཡ་ང་སྙིང་རྗེ་མེད་པར་མི་དམངས་ཀྱི་སྟེང་དུ་དམར་ཤོག་ལམ་ལུགས་བཙན་འགེལ་བྱས་པ་རེད། ཨ་མི་རི་ཀས་དཀའ་ངལ་གྱི་ཁྲོད་དུ་རང་དབང་རྩ་འཛིན་བྱས་ཐུབ་པ་རེད། འདི་ལ་ཀུན་སྤྱོད་ཀྱི་ཆ་ནས་སྡུར་ཐབས་མེད་པ་ནི་རང་ངོས་ནས་ར་འཕྲོད། ཁྱེད་ཚོས་ཨ་མི་རི་ཀ་ནི་འཛམ་གླིང་འདིར་བྱུང་མྱོང་མེད་པའི་ཆེས་རླབས་ཆེན་གྱི་རྒྱལ་ཁབ་དེ་རེད་ཅེས་བསྒྲགས་ན་གསར་འགྱུར་རྫུན་མར་མི་འགྱུར། ང་ཚོར་རྨོངས་པའི་དབང་གིས་ནོར་འཁྲུལ་བྱུང་མེད་ཟེར་གྱི་མེད། དེ་དག་ལ་ངོས་ལེན་བྱེད་ཀྱི་ཡོད། ཨ་རིའི་རླུང་འཕྲིན་ཁང་གི་དམིགས་པ་གཏོད་ཡུལ་གཙོ་བོ་ནི་རླབས་ཆེན་གྱི་རྒྱལ་ཁབ་འདིའི་ཉེས་སྐྱོན་རྣམས་ཐེར་འདོན་བྱ་རྒྱུ་ཁོ་ན་མིན། པེ་ཅིང་དང་ཐེ་རན་ལྟ་བུའི་སྲིད་དབང་སྒེར་གཅོད་ཀྱི་སྲིད་གཞུང་ཁག་ལ་གླེང་སློང་བྱ་རྒྱུ་ཡོད་པའི་གླེང་ཕྱོགས་བཟོ་སའི་གླེང་སྟེགས་ཤིག་དེ་བས་ཀྱང་མིན། ཁྱེད་ཚོའི་ལས་འགན་ནི་ཨ་མི་རི་ཀའི་དམངས་གཙོ་དང་རང་དབང་། ཨ་མི་རི་ཀའི་ལྟ་གྲུབ་རྣམས་དར་སྤེལ་གཏོང་དགོས། འདི་ནི་ཨ་རིའི་རླུང་འཕྲིན་ཁང་དང་ཨེམ་ཨེ་སི་ཨེན་བྷི་སི་དང་ཧྥོཀ་སི་གསར་འགྱུར་ལས་ཁང་སོགས་མི་འདྲ་བའི་ཁྱད་པར་ཡིན། ཁྱེད་ཚོས་འཛམ་གླིང་གི་མཐའ་གྲུ་ཀུན་ཏུ་མུན་ནག་ཁྲོད་དུ་ལུས་ཡོད་པའི་སྨྲ་བརྗོད་མི་ཐུབ་པ་རྣམས་ཀྱི་ངག་ཚབ་བྱ་དགོས། ཁྱེད་ཚོ་ཨ་མི་རི་ཀའི་བརྩོན་གཉེར་གྱི་ངག་ཚབ་དང་ཁྱེད་ཚོ་ཨ་མི་རི་ཀའི་ཐུན་མོང་མ་ཡིན་པའི་རིང་ལུགས་དེའི་མགྲིན་ཚབ་བྱ་དགོས། ཁྱེད་ཚོ་རང་དབང་གི་མདུང་རྩེ་ཡིན།།

ཨ་རིའི་རླུང་འཕྲིན་ཁང་གི་སྐད་གསེང་ཉམས་པ་སླར་གསོའི་ལམ་དུ་ཆས་པ།

༄༅།། ད་སྟེ་གྲང་དམག་གཞུག་ཏུ་སྲིད་གཞུང་གི་ལས་ཁུངས་མང་དག་ཅིག་དང་འདྲ་བར་ང་ཚོའི་རྒྱལ་སྤྱིའི་རྒྱང་སྲིང་ལས་ཁུངས་ཁག་གི་ལམ་ཕྱོགས་ཀྱང་བརླགས་པ་རེད། འདི་ནི་རྣམ་པ་ཚོ་མང་དག་ཅིག་གིས་ཤེས་གསལ་རེད། དེ་ལ་རྒྱུ་མཚན་འགའ་ཞིག་ཡོད་པ་སྟེ། ཨུ་རུ་སུའི་དམར་ཤོག་ལམ་ལུགས་འཐོར་ཞིག་སོང་བ་དང་བྷར་ལིན་རྩིག་གྱང་སློག་པ། བྷིན་ལ་ཌན་དང་ཛར་གྷ་ཝི། བྷག་དྷ་དྷི་སོགས་ཀྱི་མིང་རྣམས་ཡོངས་གྲངས་སུ་གོ་ཐོས་མེད་པར་གྱུར། ང་ཚོས་ལོ་རྒྱུས་མཇུག་སྒྲིལ་བ་རེད་བསམས་པ་དང་བདེ་འཇགས་ཀྱི་དོགས་ཟོན་རྣམས་ལྷོད་ཡངས་སུ་བཏང་སྟེ་ཨ་རིའི་རླུང་འཕྲིན་ཁང་གི་ཐོག་མའི་རྩ་འཛིན་གྱི་ལས་འགན་བསྒྲུབ་རྒྱུའི་དམ་བཅའ་རྣམས་ཤོར་པ་རེད། རྒྱང་སྲིང་རྣམས་ཨ་མི་རི་ཀའི་བདེན་པ་བཤད་རྒྱུ་ཇེ་ཉུང་དང་ཨ་མི་རི་ཀའི་ངན་མཚང་འབྲུ་རྒྱུ་ཇེ་མང་དུ་སོང་། ༢༠༡༣་ལོར་ངའི་གོང་གི་དྲུང་ཆེ་སྔོན་མ་ཞིག་གིས་རྒྱང་སྲིང་གི་འགན་འཛིན་ལྷན་ཚོགས་ནི་གཏན་ནས་ལས་དོན་འགྲུབ་མི་ཐུབ་པ་ཞིག་ཏུ་གྱུར་འདུག་ཅེས་བཤད་མྱོང་། དེའི་རྒྱུ་རྐྱེན་ཁག་ཅིག་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་གཉིས་ཀ་མོས་མཐུན་བྱུང་སྟེ་ཨ་རིའི་རྒྱལ་སྤྱིའི་རྒྱང་སྲིང་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་ཞེས་པ་ཞིག་གསར་བསྐོ་བྱས་པར་ཐུག་འདུག དེར་བརྟེན་བསྐྱར་དུ་ཞུས་ན་ང་འདིར་བཅར་དགོས་པའི་རྒྱུ་རྐྱེན་གཅིག་དེར་ཐུག་ཡོད། དེ་རིང་ང་འདིར་གཏམ་བཤད་བྱེད་དུ་ཡོང་ན་ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་པ་ཁག་ཅིག་ལ་འདོད་པ་མེད་པའི་རྩོམ་ཡིག་མཐོང་སོང་། ཁོ་ཚོར་ཨ་མི་རི་ཀའི་ཕྱི་འབྲེལ་གྱི་ངག་ཚབ་སྟེ། ཨ་མི་རི་ཀའི་ངག་ཚབ་དེ་ཉིད་རྒྱང་སྲིང་བྱེད་འདོད་མེད་པ་རེད། དེ་ལ་བསམ་བློ་ཐོངས་དང་། ང་ཚོ་ནི་སྒྲིག་འཛུགས་ཁག་གི་གྲུབ་ཆ་རེ་ཡིན། སོ་སོ་ལས་ལྷག་པའི་ལས་འགན་དང་འགན་འཁྲི་ཡོད་པ་ཤ་སྟག་རེད། འདི་འདྲའི་བསམ་བློའི་འདུ་ཤེས་འཛིན་སྟངས་ནི་ཉེན་ཁ་ཅན་ཞིག་རེད། དེ་ནི་ཀུན་སྤྱོད་ཀྱི་ཆ་ནས་ནོར་འཁྲུལ་རེད། དེ་ཁྱེད་ཚོའི་ལས་འགན་ལ་རྒྱབ་འགལ་སོང་བ་རེད། ཞིབ་བཤེར་དང་རྟོགས་སད། ཆབ་སྲིད་ཀྱི་ལྟ་བ་མ་ནོར་བ་རྣམས་ཁ་ཕྱོགས་གཅིག་ལ་གཏོད་དགོས། སྲིད་དབང་སྒེར་གཅོད་ལམ་ལུགས་དང་བཅོས་བཟང་གི་མཛངས་སྤྱོད་བཅས་ལ་ཁ་ཕྱོགས་གཏོད་དགོས། ཊོས་ཊར་དང་ངོ་དེབ། ཀུ་ཤུ་བཟོ་ཚོང་ཁང་དང་སློབ་ཆེན་ཁག་ཏུ་མཐོང་ཐོས་འབྱུང་གི་ཡོད་པ་ཇི་ལྟར་འདི་གར་ཡང་བྱུང་བ་རེད། འདི་ནི་ང་ཚོ་ཨ་མི་རི་ཀ་བའི་ཁྱད་ཆོས་མ་རེད། འདི་ནི་ཨ་རིའི་རླུང་འཕྲིན་ཁང་གི་བསྒྲུབ་བྱ་མ་རེད། ད་ནི་སྣང་ཆུང་གི་རྨོངས་གཉིད་ལས་སད་པའི་དུས་སུ་བབས། ཁྱེད་ཚོས་ལམ་སྣེ་འཁྲིད་ཐུབ་པ་དང་གཏམ་བཟང་ཞིག་ལ་ཨ་རིའི་རླུང་འཕྲིན་ཁང་ལ་སྐྱ་རེངས་གསར་པ་ཞིག་ཤར་ཡོད། ཨ་མི་རི་ཀའི་རྒྱ་ཆེའི་མང་ཚོགས་ཀྱིས་མི་ཤེས། མཱེ་ཁེལ་གྱིས་ལས་ཁུར་བཞེས་པའི་རྗེས་སུ་ལས་བྱེད་པ་༡༥༠༠་སྟེ། ཨ་རིའི་རྒྱལ་སྤྱིའི་གསར་འགྱུར་རྒྱང་སྲིང་ཁང་གི་ལས་བྱེད་པ་བརྒྱ་ཆ་༤༠་ལྷག་ལ་རྒྱབ་ལྗོངས་ཞིབ་འཇུག་ནན་པོ་བྱས་མེད་ཅིང་། ཁོ་ཚོ་མང་དག་ཅིག་གིས་བདེ་འཇགས་ཀྱི་དོགས་ཟོན་བྱ་མི་དགོས་པའི་མཐོ་རིམ་གྱི་གོ་གནས་བཟུང་འདུག ཨ་རིའི་རླུང་འཕྲིན་ཁང་གིས་རྒྱ་ནག་དམར་ཤོག་ཚུད་པའི་ཕྱི་རྒྱལ་བ་ཚོར་J-1་ཐོངས་མཆན་སྤྲོད་རྐྱང་བྱས་འདུག ང་ཚོས་དེ་ལྟར་བྱེད་མི་ཉན། ང་ཚོར་ཨ་མི་རི་ཀའི་ནང་དུ་རྒྱ་སྐད་ཤེས་མཁན་མང་དག་ཅིག་ཡོད། ང་ཚོས་རྒྱ་ནག་པ་ཨ་རི་བ་དང་ཐེ་ཝན་པ་ཨ་རི་བའི་སྤྱི་ཚོགས་ཁག་གི་མི་མང་ལ་ལས་ཀ་སྤྲོད་དགོས། སྲིད་འཛིན་ཊམ་གྱི་སྲིད་གཞུང་གིས་ལས་བྱེད་པ་ཚོར་ཞིབ་འཇུག་གཟབ་ནན་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་འབྱུང་གི་ཡོད་པ་འདི་འགོག་ཐབས་བྱེད་བཞིན་ཡོད། ཨ་རིའི་རླུང་འཕྲིན་ཁང་ཁག་སླར་ཡང་ཐོག་མའི་དམིགས་ཡུལ་ཐོག་ཏུ་ཁ་ཕྱོགས་བསྒྱུར་ཏེ་བདེན་པ་དང་ཕྱོགས་སུ་མ་ལྷུང་བ། ཨ་རིའི་རླུང་འཕྲིན་ཁང་གི་སྒྲིག་གཞི་རྩ་འཛིན་བྱས་ནས་རང་དབང་དང་དམངས་གཙོ། ཨ་མི་རི་ཀའི་ཐུན་མོང་མ་ཡིན་པའི་རིང་ལུགས་དེ་སྒྲོགས་པའི་སྒྲིག་འཛུགས་ཤིག་ལ་སྒྱུར་ཐབས་བྱེད་བཞིན་ཡོད། ཌོ་ནལ་ཊམ་གྱི་གཞུང་འཛིན་ལྷན་ཁང་གིས་སྒྲིག་འཛུགས་འདི་དག་ཆབ་སྲིད་ཀྱི་ངོ་བོར་སྒྱུར་ཐབས་བྱེད་ཀྱི་མེད། ང་ཚོས་སྒྲིག་འཛུགས་འདི་རྣམས་ཆབ་སྲིད་ཀྱི་སྒྲིག་འཛུགས་ཤིག་ལ་གྱུར་ཟིན་པ་བཤིག་གི་ཡོད། འདི་ནི་སུ་ཞིག་ལ་འབྲི་སྒྱུར་བྱ་འདོད་ཡོད་ཀྱང་གསར་འགྱུར་ཡག་པོ་ཞིག་འཁྱོངས་ཀྱི་རེད།།

ང་ཚོར་ཨ་རིའི་རླུང་འཕྲིན་ཁང་སྔར་ལས་དགོས་མཁོ་ཇེ་ཆེར་སོང་ཡོད།
༄༅།། ང་རང་ཕྱི་སྲིད་དྲུང་ཆེ་ཡིན་པའི་ཆ་ནས་རྣམ་པ་ཚོར་འདི་ལྟར་ཞུ་ཡི་ཡོད། ཅིའི་ཕྱིར་ཞེ་ན་ངས་སྒྲིག་འཛུགས་འདི་ཡག་པོ་ཞིག་འཁྱོངས་ན་བསམས་པ་ཡིན། ཨ་མི་རི་ཀ་གཅིག་པུར་ཡོད་པའི་འོད་སྣང་གི་སྟོབས་ཤུགས་འདི་མུན་ནག་གི་ས་གནས་ཁག་ལ་ཁྱབ་ཐུབ་པའི་རོགས་སྐྱོར་བྱ་རྒྱུ་གལ་གནད་ཆེ། རྒྱ་ནག་དང་ཨི་རན། བྱང་ཀོ་རི་ཡ་ལྟ་བུའི་སྲིད་གཞུང་ཁག་ལ་མཚོན་ན་ཨ་མི་རི་ཀར་གཞི་རྩ་ཚུགས་པའི་འཇིག་རྟེན་ཀུན་ཁྱབ་ཀྱི་འགྲོ་བ་མིའི་ཆེ་མཐོང་ལ་ཁོ་ཚོས་བརྩི་བཀུར་བྱེད་ཀྱི་མེད་ཅིང་། ང་ཚོས་རྩ་འཛིན་བྱེད་བཞིན་ཡོད་པ་མཐའ་དག་ལ་སྲིད་གཞུང་དེ་དག་སྡང་ཟུག་བྱེད་བཞིན་ཡོད། ང་ཚོས་སྲིད་གཞུང་ནི་མི་དམངས་ལ་སྲི་ཞུ་སྒྲུབ་པའི་ཆེད་དུ་ཚུགས་པ་ཤེས་ཀྱི་ཡོད། ཁོ་ཚོས་མི་དམངས་འཚོ་གནས་བྱེད་ཀྱི་ཡོད་པ་ནི་སྲིད་གཞུང་ལ་སྲི་ཞུ་སྒྲུབ་པའི་ཆེད་དུ་ཡིན་པའི་ཡིད་ཆེས་བྱེད་ཀྱི་འདུག ཨ་རིའི་རླུང་འཕྲིན་ཁང་གི་ལས་དོན་རྣམས་གལ་གནད་ཆེ། རྣམ་པ་ཚོ་རང་དབང་གི་མདུང་རྩེ་རེད། ཨ་རིའི་རླུང་འཕྲིན་ཁང་ལ་སྐད་ཡིག་༤༧་ཡོད་པ་རྣམས་བདུན་ཕྲག་རེར་མི་གྲངས་དུང་ཕྱུར་གཉིས་དང་བྱེ་བ་བདུན། ས་ཡ་བརྒྱད་ལ་སྙོབ་ཀྱི་ཡོད། ཨི་རན་བ་ཚོས་ཁ་ཆེའི་ལྕགས་སྒྲོག་འོག་ནས་དུས་ནམ་ཞིག་གྲོལ་ཐུབ་རྒྱུ་ཡིན་མིན་གྱི་རེ་ལྟོས་འཆང་ནས་རྣམ་པ་ཚོར་ཉན་གྱི་ཡོད་པ་རེད། མལ་དྷོ་ཝྭ་བ་དང་ཡུཀ་རེན་བ་ཚོར་དྲང་བདེན་གྱི་གསར་འགྱུར་མཁོ་བ་ལས་ཨུ་རུ་སུའི་འཁྱོག་བཤད་དང་དྲིལ་བསྒྲགས་མི་དགོས། ༡༩༤༩་ནས་གདུག་རྩུབ་འབའ་ཞིག་ལས་ཅི་ཡང་སྒྲུབ་ཀྱི་མེད་པའི་སྲིད་གཞུང་དེར་རྒྱ་ནག་གི་སྤྱི་དམངས་རྣམས་ཡི་ཐང་ཆད་འདུག ཝྭེ་ནེ་ཛུ་ལའི་མི་དམངས་ལ་མ་དྷུ་རོའི་སྲིད་གཞུང་གི་ལྐོག་ཟ་རུལ་སུངས་རྣམས་ཤེས་འདོད་ཡོད། གོ་ལའི་སྟེང་གི་གང་ས་གང་དུ་གཉའ་གནོན་མྱོང་བའི་མི་དམངས་རྣམས་ཀྱི་བློ་སེམས་ཨ་མི་རི་ཀའི་ཕྱོགས་སུ་གཏད་ནས་རེ་ལྟོས་འཆང་གི་ཡོད་པ་རེད། ངས་རྣམ་པ་ཚོ་མང་དག་ཅིག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་གཙོ་བོར་གྱུར་པའི་ས་གནས་གང་སར་ཆེད་ལས་བསྒྲུབས་ནས་དཔའ་རྟགས་བཞག་པ་ཤེས་ཀྱི་ཡོད། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཚོས་ཉེན་རྟོག་པའི་འཇིགས་སྐུལ་དང་སུན་གཙེར། རྡུང་རྡེག་བཅས་ལ་གདོང་ལེན་བྱས་ནས་ཧོང་ཀོང་གི་གནས་ཚུལ་རྒྱང་སྲིང་བྱས་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། ཁྱེད་ཚོ་འགོག་རའི་མདུན་གྱི་རང་དབང་འཐབ་རྩོད་པ་རྣམས་ཀྱི་རྒྱབ་ལོགས་སུ་ཡོད་པ་དང་སྐབས་ཐོག་དེའི་གསར་འགྱུར་རྣམས་རྒྱང་སྲིང་། ཁྱེད་ཚོས་ཨ་རིའི་རླུང་འཕྲིན་ཁང་གི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་གཅེས་འཛིན་དང་ཨ་མི་རི་ཀའི་ཐུན་མོང་མ་ཡིན་པའི་རིང་ལུགས་དེའི་མགྲིན་ཚབ་པར་གྱུར་ཡོད།།
ངས་གཏམ་བཤད་འདིར་གསན་བཞིན་པའི་རླུང་འཕྲིན་ལས་ཁུངས་གཞན་ཁག་ལའང་རྟེན་འབྲེལ་ཞུ་རྒྱུ་ཡིན། འཛམ་གླིང་འདིར་ཡུ་གུར་སྐད་ཡིག་གི་རླུང་འཕྲིན་སྡེ་ཚན་གཅིག་ལས་མེད་པ་ནི་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་དུ་ཚུགས་ཡོད། ཞིན་ཅང་གི་ས་ཐོག་ཏུ་རྒྱ་ནག་དམར་ཤོག་ཚོགས་པས་ཡུ་གུར་མི་དམངས་ལ་དུས་རབས་འདིའི་ཆེས་གདུག་རྩུབ་ཀྱི་མནར་གཅོད་དང་དྲག་གནོན་བྱེད་ཀྱི་ཡོད་པ་རྣམས་ཀུན་ལ་ཐེར་འདོན་བྱས་པ་རེད། རྒྱ་ནག་དམར་ཤོག་ཚོགས་པས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དྲུག་གི་གཉེན་ཚན་རྣམས་བཙོན་དུ་བཅུག་སྟེ་ངལ་རྩོལ་བཙོན་སྒར་ཁག་ལ་བཅུག་པ་སྟེ་བཟའ་མི་རྣམས་ལ་སྡིགས་ར་བསྐུལ་ཡང་རྣམ་པ་ཚོས་ཆེད་ལས་རྒྱུན་འཁྱོངས་བྱས་པ་རེད། ཁྱེད་ཚོའི་ཆེད་ལས་དེར་བློ་སྟོབས་དགོས་པ་ཞིག་རེད།།

མཇུག་བསྡུ།
ངས་གཏམ་བཤད་མཇུག་བསྡུས་ནས་དྲི་བ་དྲིས་ལན་མ་བྱས་སྔོན་དེར་ཨ་རིའི་རླུང་འཕྲིན་ཁང་གི་ལས་འགན་དེ་གནད་འགག་ཆེན་པོ་ཅི་ཙམ་ཡིན་མིན་གྱི་ལུང་ཚིག་ཅིག་འདྲེན་རྒྱུ་ཡིན། ལུང་ཚིག་དེ་འཇོར་ཇཱི་ཝ་ཤིང་ཊོན་གྱི་གསུང་ཞིག་རེད། ཁོང་གིས་མཐར་ཐུག་བདེན་པའི་འོད་སྣང་གིས་སྡུག་བསྔལ་གྱི་མུན་པ་སེལ་ཐུབ་ཅེས་གསུངས། དུས་ནམ་ཞིག་ཨ་མི་རི་ཀས་འཛམ་གླིང་ཡོངས་ལ་བདེན་པ་བཤད་ན་འོད་སྣང་འགྱེད་ཀྱི་ཡོད་པ་རེད། དེ་ནི་ནམ་ཡང་བརྗེད་མི་ཉན། རྣམ་པ་ཚོ་དཀོན་མཆོག་གིས་སྲུང་གྱུར་ཅིག ཨ་རིའི་རླུང་འཕྲིན་ཁང་དཀོན་མཆོག་གིས་སྲུང་གྱུར་ཅིག
ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ།
༢༠༢༡་ལོའི་ཕྱི་ཟླ་༡་དང་༡༡་ཉིན།
ཝ་ཤིང་ཊོན།།