བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་༢༢ པ་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་སྐོང་ཚོགས།

Your browser doesn’t support HTML5

ཕྱི་ཚེས་༢༨ ནས་༣༡ བར་ཉིན་གྲངས་བཞི་རིང་བཙན་བྱོལ་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་༢༢ པ་དེ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ལུགས་བསམ་མི་མང་ཚོགས་ཁང་ནང་ཚོགས་གནང་སོང་། ༢༠༠༥ ལོ་ནས་ད་བར་བོད་མིའི་མཉམ་འབྲེལ་ཁག་གི་ཁེ་འབབ་ནས་བོད་མིའི་སྒྲིག་འཛུགས་ལ་ཧིན་སྒོར་སུམ་འབུམ་ལྷག་ཕུལ་ཡོད།