ཡུ་གྷུར་ཚན་རིག་པ་བརྒྱ་ཕྲག་མང་པོ་རྒྱ་ནག་གིས་བཙོན་འཇུག་བྱས།

A screenshot of part of Tursunjan Nurmamat’s LinkedIn page. Nurmamat, who is from the Xinjiang Uyghur Autonomous Region in northwestern China, specialized in molecular biology and was working as a science editor when he disappeared in China in 2021.

ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཀ་སིམ་ཀཤེ་གྷར་གྱིས་གནས་ཚུལ་སྤེལ་གསལ་དུ་ གྲངས་ཐོར་བཀག་འདོམས་ཞེས་པའི་གོ་ལ་ཁྱོན་དུ་གཏམ་བརྗོད་རང་དབང་གོང་འཕེལ་དོན་གཉེར་བའི་སྒྲིག་འཛུགས་ཀྱིས་འདོན་སྤེལ་བྱ་རྒྱུའི་དཔར་འགྲེམས་རྗེས་མའི་ནང་ཚན་རིག་དང་ཚན་རིག་པར་དམ་བསྒྲགས་སྐོར་གནས་ཚུལ་འགོད་སྤེལ་བྱ་རྒྱུ་ཡིན་ཅིང་། རྒྱལ་ཁབ་གཅིག་གི་ནང་ཚན་རིག་པ་དང་ཤེས་ཡོན་ཅན་ལ་དམ་བསྒྲགས་བྱས་སྐོར་དང་དམིགས་བསལ་རྒྱ་ནག་ནང་ཡུ་གུར་བའི་ཚན་རིག་པ་གར་སོང་མེད་པར་གྱུར་བའི་སྐོར་གཙོ་དོན་བྱ་རྒྱུ་རེད་ཅེས་བཀོད་འདུག

ནོར་ཝེའི་ནང་བརྟེན་གཞི་བྱས་པའི་སྒྲིག་འཛུགས་དེ་གསར་འཛུགས་བྱེད་མཁན་ཨཝ་དྷུལ་ཝ་ལི་ཨ་ཡུབ་ཀྱིས་བརྗོད་དོན་ལ་ ཉེ་བའི་དུས་སུ་རྒྱ་ནག་ནང་ཡུ་གུར་མི་རིགས་ཡིན་པའི་ཚན་རིག་པ་དང་ཚན་རིག་དང་འབྲེལ་བའི་ཆེད་ལས་པ་ཉིས་བརྒྱ་ལྷག་རྒྱ་ནག་གིས་བཙོན་འཇུག་ཉེས་ཆད་བཏང་ཡོད་སྐོར་འགྲེལ་བརྗོད་བྱས་འདུག མི་སྣ་དེ་དག་གི་ནང་ནས་སྐད་གྲགས་ཆེ་ཤོས་གཅིག་ནི་ཨ་རིའི་ནང་འབུམ་རམས་པའི་བསླབ་པ་ཐར་སོན་བྱུང་བ་ཏུར་སུན་འཇན ནུར་མཱ་མཏ་ཡིན་ཅིང་། ནུར་མཱ་མཏ་ནི་རྒྱ་ནག་གི་བྱང་ནུབ་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ས་ཁུལ་ནས་ཡིན་པ་དང་། ཁོང་ནི་རྡུལ་ཕྲན་ཕྲ་མོའི་སྐྱེས་དངོས་ཚན་རིག་གི་ཆེད་ལས་པ་ཞིག་ཡིན་པ་མ་ཟད། ཕྱི་ལོ་༢༠༢༡ལོར་ཚན་རིག་ཐོག་གི་རྩོམ་བྲིས་པའི་ཕྱག་ལས་གནང་སྐབས་གར་སོང་མེད་པར་གྱུར་བ་དང་། ད་ལྟའི་ཆར་གང་དུ་ཡོད་མེད་ཐད་རྒྱ་ནག་གཞུང་གིས་གནས་ཚུལ་གང་ཡང་མཁོ་སྤྲོད་བྱེད་ཀྱི་མེད། ཚན་རིག་པ་དེའི་སྨྱུག་མིང་ལ་སྦིལ་ཇེ་བརྗོད་ཀྱི་ཡོད་པ་དང་། ཚན་རིག་སྐོར་དེབ་ཐེར་མང་པོ་ཨིན་སྐད་ནང་བསྒྱུར་ཡོད། ཕྱི་ལོ་༢༠༢༡ལོར་འཛིན་བཟུང་བྱུང་བ་དང་སྔར་ལོ་ནས་བཟུང་རྒྱ་ནག་གཞུང་གིས་ལྟ་སྲུང་འོག་གནས་ཡོད་རེད་ཅེས་དེ་སྔ་ཁོང་ཕྱག་ལས་གནང་ས་ཧྲང་ཧའི་གྲོང་ཁྱེར་གྱི་ཏོང་ཇི་གཙུག་ལག་སློབ་གཉེར་ཁང་གིས་ངེས་སྟོན་ཡིན་པ་གཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་བྱས་འདུག

ཡང་ཚན་རིག་པ་དེའི་གནད་དོན་ཐད་ཨརིའི་རླུང་འཕྲིན་ཁང་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲན་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་ལ་བརྩད་གཅོད་བྱས་པའི་ལན་དུ་མགྲིན་ཚབ་པ་ལིའུ་ པེན་ཡུས་ གནད་དོན་དེའི་ཐོག་དམིགས་བཀར་ཤེས་རྟོགས་གང་ཡང་མེད་སྟབས་མཉམ་སྤྱོད་བྱེད་རྒྱུ་གང་ཡང་མེད་ཅེས་བཤད་འདུག ཡུ་གྷུར་མི་རིགས་ཀྱི་ཚན་རིག་པ་ནུར་མཱ་མཌ་དང་དེ་སྔ་འབྲེལ་བ་ཡོད་མཁན་ཁེ་ན་ཌའི་ནང་གནས་འཁོད་དང་མིང་དངོས་སུ་བརྗོད་འདོད་མེད་མཁན་ཞིག་གིས་གསུངས་ན་ ཁོང་དང་ཨ་རིའི་ནང་གི་ཕྱིར་བསྡོད་ཡུ་གུར་བའི་སྤྱི་ཚོགས་ཁྲོད་ཚན་རིག་པ་ནུར་མ་མཏ་གར་སོང་མེད་པར་གྱུར་བའི་གནས་ཚུལ་་ཤེས་རྟོགས་ཡོད་པས་ཁོང་གི་གནས་སྟངས་ཐོག་བློ་འཚབ་ཆེན་པོ་ཡོད་ཅེས་གསལ་འདོན་བྱས་འདུག

དེའི་བར་ན་ཡུ་གུར་བའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༧་ལོ་ནས་བཟུང་སྟེ་ཤིང་ཅན་ནང་ཏུར་ཀི་ཡི་སྐད་རྒྱག་མཁན་ཡུ་གུར་བའི་ཐོག་དམིགས་བསལ་དྲག་གནོན་བྱས་ཏེ་ཁོང་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་གི་ཌྷསཡང་ཅེས་བརྗོད་ཀྱི་ཡོད་པ་རེད།

ཨ་རི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། པདྨ་བདེ་ཆེན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།