༧གོང་ས་མཆོག་རྒྱ་གར་གྱི་ཇཱ་མུའི་ནང་གི་ནང་པའི་གནའ་ཤུལ་རྙེད་ཡུལ་དུ་ཆིབས་བསྒྱུར་གནང་རྒྱུ

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་བྱང་ཕྱོགས་མངའ་སྡེ་ཇཱ་མུའི་ནང་ནང་པའི་གནའ་བོའི་རྗེས་ཤུལ་རྙེད་ཡུལ་ས་གནས་ ཨམ་བྷ་རཱན་ དུ་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་ འཕྲོད་བསྟེན་བློན་ཆེན་གྱི་གསོལ་འདེབས་ཞུས་པ་ལྟར་ཞལ་བཞེས་བྱུང་བར་དགའ་སྤྲོ་དང་བཅས་ ཕྱི་ཚེས་བཞིའི་ཉིན་ ཇཱ་མུའི་མགྲོན་ཁང་དང་གནས་ཁང་མཐུན་ཚོགས་ཀྱིས་གྲ་སྒྲིག་ཟབ་རྒྱས་ཞུ་རྒྱུའི་ཚོགས་འདུ་ཚོགས་ཡོད་པ་དང་ ཇཱ་མུའི་རྫོང་ ཨྃཁ་ནཱུར་ གྱི་ས་གནས་ ཨམ་བྷ་རཱན་ ནས་ནང་པའི་གནའ་ཤུལ་རྙེད་པ་ཁག་ཅིག་གི་དཔར་ ཉེ་དུས་བོད་གནས་མཁས་པ་རྒྱ་གར་གྱི་གསར་འགོད་པ་ ཝི་ལྗེཡ་ཀརཎ་ཏི་དང་ ཁོང་གིས་བུས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འགྲེམས་སྟོན་ཞུས་པ་དང་ དབུ་འབྱེད་མཛད་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གདན་འདྲེན་ཞུས་ཡོད་པ་རེད།