གཟའ་འཁོར་འདིའི་བོད་གནས་ཕྱོགས་བསྒྲིགས། བདུན་ཕྲག་འདིར་བོད་དོན་དང་འབྲེལ་གསར་འགྱུར་ཕྱོགས་བསྡུས་བཅས་སྙན་སྒྲོན་ཞུ་རྒྱུ་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་དགོང་དྲོའི་ཀུན་གླེང་གསར་འགྱུར་ནང་རྒྱ་གར་ནང་བོད་ཀྱི་བེུད་སྒེར་ལངས་ཉིན་མོའི་ལས་འགུལ་དང་ཨ་རི་དང་ཁེ་ན་ཌའི་དབར་སྒོ་ཁྲལ་འགལ་ཟླ་བྱུང་བ། གྷི་རིན་ལེནྜ་ནང་རང་བཙན་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པ་སོགས་དང་བདུན་ཕྲག་འདིར་བོད་དོན་དང་འབྲེལ་གསར་འགྱུར་ཕྱོགས་བསྡུས་བཅས་སྙན་སྒྲོན་ཞུ་རྒྱུ་ཡོད།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་༧སྐུའི་ཡང་སྲིད་ཕྱི་ཕྱོགས་འཁྲུངས་རྒྱུ་རེད་ཅེས་གསུངས་པ་དང་། ཨ་རི་དང་ཡུག་ཀེ་རན་གཉིས་དམག་མཚམས་འཇོག་རྒྱུར་གྲོས་མོལ་བྱས་པ། ཊམ་གྱིས་སྒོ་ཁྲལ་སྤར་བའི་རྐྱེན་གྱིས་མ་རྐང་ཁྲོམ་རར་དཀའ་ངལ་འཕྲད་བཞིན་པ། ཧྥི་ལི་པིན་གྱི་སྲིད་འཛིན་ཟུར་པ་འཛིན་བཟུང་བྱས་པ་སོགས་ཡོད།
དགོང་དྲོའི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། སྲིད་འཛིན་ཊམ་གྱིས་གྲོས་ཚོགས་རྒྱས་འཛོམས་ལ་གཏམ་བཤད་གནང་བ་དང་དེར་མང་གཙོ་ཚོགས་པས་ལན་འདེབས་བྱས་པ་དང་། རྒྱ་ནག་རྒྱལ་ཡོངས་ཚོགས་ཆེན་དང་དཔལ་འབྱོར་གནས་སྟངས་སྐོར་སོགས་དང་འདས་པའི་བདུན་ཕྲག་ནང་བོད་དོན་དང་འབྲེལ་བའི་གསར་འགྱུར་སོགས་ཡོད།
དགོང་དྲོའི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་བོད་ཀྱི་ལོ་གསར་སྲུང་རྩིས་གནང་བ། ཨ་རིས་ཡུ་ཀེ་རན་ལ་རོགས་དམ་མཚམས་འཇོག སྲིད་འཛིན་ཊམ་གྱིས་ཁེ་ན་ཌ་དང་མེཀ་སི་ཁོ། རྒྱ་ནག་བཅས་ལ་སྒོ་ཁྲལ་ལག་བསྟར་འགོ་འཛུགས་བྱ་རྒྱུའི་གསལ་བསྒྲགས། ཨིས་རལ་གྱིས་ཧ་མས་དང་གྲོས་མོལ་རིམ་པ་གཉིས་བྱ་རྩིས་ཡོད་ལུགས་བཤད་པ་སོགས་ཡོད།
དེ་རིང་གི་གསར་འགྱུར་ནང་ཨ་རི་དང་ཡུ་ཀེ་རན་དབར་ཡུ་ཀེ་རན་གྱི་ཤིན་ཏུ་དཀོན་པའི་གཏེར་རྫས་སྐོར་གྱི་གྲོས་མོལ་བྱུང་བ་དང་ཨ་རིའི་གྲོས་ཚོགས་འོག་མས་སྔོན་རྩིས་གཏན་འབེབས། ཇར་མན་ནིའི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་མཁན་སྲིད་དོན་ཚོགས་པ་ངོ་སྤྲོད་བདུན་ཕྲག་འདིའི་བོད་དང་འབྲེལ་བའི་གསར་འགྱུར་ཕྱོགས་བསྡུས་བཅས་སྙན་སྒྲོན་ཞུ་རྒྱུ་ཡོད།
དེ་རིང་གི་དགོང་དྲོའི་ཀུན་གླེང་གསར་འགྱུར་ལ་ཡི་ཤུའི་བླ་ཆེན་སྤོབ་སྨན་ཁང་མུ་མཐུད་བཞུགས་ཡོད་པ། རྒྱལ་ཚོགས་ནང་ཡུ་ཀེ་རན་གྱི་གྲོས་ཆོད་ལ་ཨ་རིས་རྒྱབ་སྐྱོར་གནང་མེད་པ། ཨ་རི་དང་ཧྥི་རན་སིའི་སྲིད་འཛིན་གཉིས་མཇལ་མོལ་གནང་བ། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ལ་འཚམས་གཟིགས་གནང་བཞིན་པ་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་དགོང་དྲོའི་ཀུན་གླེང་གསར་འགྱུར་ནང་ཨ་རི་དང་ཨུ་རུ་སུའི་དབར་ཡུ་ཀེ་རན་གྱི་གནད་དོན་ཐོག་གྲོས་མོལ་དང་ཡི་ཤུའི་བླ་ཆེན་སྤོབ་ཀྱི་སྐུ་གཟུགས་གནས་སྟངས། ཇར་མན་ནང་འོས་བསྡུ་བྱ་འཆར་སོགས་དང་བོད་དོན་དང་འབྲེལ་པའི་འདས་པའི་བདུན་ཕྲག་གི་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་བཅས་ཀུན་གླེང་ནང་དུ་སྙན་སྒྲོན་ཞུ་རྒྱུ
ཨ་རིའི་རླུང་འཕྲིན་ཁང་གི་དགོང་དྲོའི་ཀུན་གླེང་གསར་འགྱུར་ནང་ཡི་ཤུའི་བླ་ཆེན་སྤོབ་སྐུ་ཁམས་བདེ་མིན་གྱི་གནས་ཚུལ་དང་། ཨ་རི་དང་ཨུ་རུ་སུ་གཉིས་ཡུ་ཀེ་རན་གྱི་དམག་འཐབ་དང་འབྲེལ་བའི་གྲོས་མོལ། ཡུ་རོབ་ཀྱི་དབུ་ཁྲིད་ཚོས་ཡུ་རོབ་ཀྱི་བདེ་འཇགས་སྐོར་ལ་ཚོགས་འདུ་གནང་བ་བཅས་སྙན་སྒྲོན་ཞུ་རྒྱུ་ཡིན།
ཨ་རིའི་ནུབ་མཐའི་མངའ་སྡེ་ཁེ་ལི་ཧྥོར་ནི་ཡའི་ལྷོ་རྒྱུད་གྲོང་ཁྱེར་ནང་ལ་མེ་སྐྱོན་ཤོར་ནས་ལོ་རྒྱུས་རང་བཞིན་གྱི་གོད་ཆག་ཆེ་ཤོས་ཞིག་བྱུང་ནས་དེ་རིང་བདུན་ཕྲག་གཅིག་ཕྱིན་པ་ཡིན་ནའང་། མདང་དགོང་དེ་ཁུལ་མེ་ལྕེ་གསར་པ་མཆེད་བཞིན་པ་སོགས་ལྷག་པའི་ཁྲོད་མེ་སྐྱོན་གྱི་ཉེན་ཁ་ད་དུང་ཡོལ་མེད་པ་འཕྲིན་ལས་ཆོས་སྒྲོན་གྱིས་ངོ་སྤྲོད་ཞུས།
བྷ་ཌན་གྱིས་ཡུག་ཀེ་རན་ལ་ཨ་རིའི་འཕུར་མདེལ་ཨུ་རུ་སུའི་ས་ཆོག་ཏུ་འཕེན་ཆོག་པའི་བཀའ་འཁྲོལ་གནང་རྗེས། ཡུག་ཀེ་རན་གྱིས་དབྱིན་ཇིའི་འཕུར་མདེལ་ཡང་ཨུ་རུ་སུའི་ས་ཐོག་ཏུ་ཐེངས་མ་དང་པོ་འཕངས་ཡོད་པའི་སྐོར་འདི་གའི་གསར་འགོད་པ་ཧེན་རི་རི་ཇི་ཝེལ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཇཱི་མི་ལའེ་སོགས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ ༤༥ ལ་ལོ་ངོ་བཞི་ནས་བཅུའི་བར་བཙོན་འཇུག་ཁྲིམས་ཆད་བཏང་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
བྱང་ཀོ་རི་ཡས་ཨུ་རུ་སུའི་ནང་དམག་དཔུང་སུམ་སྟོང་ཐམ་པ་བཏང་སྐོར་ཨ་རིས་ངེས་གཏན་བྱུང་རྗེས། ལྷོ་ཀོ་རི་ཡའི་བྱང་ཀོ་རི་ཡའི་བྱེད་བབ་དེར་སྐྱོན་བརྗོད་བྱས་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
རྒྱ་ནག་གིས་ཐའེ་ཝན་གྱི་མཐའ་འཁོར་ལ་དམག་སྦྱོང་སྡིགས་སྐུལ་རྒྱུན་ཆད་མེད་པ་བརྩམས་དོན་གྱི་དམིགས་ཡུལ་ནང་སྙིང་གྲས་སུ་རྒྱལ་སྤྱིའི་ནང་རྒྱ་ནག་གི་མཚོ་དམག་སྟོབས་ཆེན་བཟོ་ཐབས་ཀྱི་དམིགས་ཡུལ་སོཊ་ཡོད་པ་ཐའེ་ཝན་གྱི་རྒྱལ་སྲུང་ཉམས་ཞིབ་པ་རྩེ་ཕུད་ཅིག་གིས་དབྱེ་ཞིབ་གནང་པ་སོཊ་འཕྲིན་ལས་ཆོས་སྒྲོན་གྱིས་ངོ་སྤྲོད་ཞུས་ཡོད།
མདང་དགོང་ཨི་རན་གྱིས་ཨི་སི་རལ་གྱི་ས་ཐོག་ལ་མེ་ཤུགས་འཕུར་མདེལ་༡༠༠་ནས་༢༠༠་ཙམ་ཞིག་འཕངས་ནས་ལོ་འདིའི་ནང་ཨི་རན་གྱིས་ཨི་སི་རལ་ལ་ཐད་ཀར་དྲག་རྒོལ་ཐེངས་གཉིས་པ་བརྩམས་པ་དང་། དེ་ལྟར་ལེ་བྷ་ནན་གྱི་ས་ཐོག་ལ་ཨི་སི་རལ་གྱི་དམག་མི་བཏང་པ་ཨི་སི་རལ་གྱིས་ཡོངས་གྲཊ་བྱས་པའི་ཕྱི་དྲོར་བྱུང་པ་སོགས་འཕྲིན་ལས་ཆོས་སྒྲོན་གྱིས་ངོ་སྤྲོད་ཞུ།
མང་གཙོ་ཚོགས་པའི་ཨ་རིའི་སྲིད་འཛིན་གཞོན་པའི་འོས་མི་སྐུ་ཞབས་ཊིམ་ཝཱལ་ཛི་ནི་༡༩༩༠ ལོའི་དུས་ནས་བོད་དང་བོད་མི་ལ་ཐུགས་སྣང་དང་འབྲེལ་བ་ཡོད་མཁན་ཞིག་ཡིན་པ་མ་ཟད་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པར་ཁ་གཏད་གནང་མཁན་ཞིག་དང་། བོད་གཞུང་དམངས་གཉིས་ཀར་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་གནང་མཁན་ཞིག་ཡིན།
སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་བལྟམས་ས་བལ་ཡུལ་དུ་ནང་པ་ས་ཡ་ལྷག་ཙམ་མ་ཟད། ཡུལ་གྲུ་དེའི་སྲིད་བློན་དང་། རྒྱ་གར་དང་ཨ་རིའི་གཞུང་ཚབ་སོཊ་ཀྱིས་ས་ག་ཟླ་བའི་ཚེས་ཆེན་བཅོ་ལྔ་སྲུང་བརྩི་གཟབ་རྒྱས་གནང་ཡོད་པའི་གནས་ཚུལ་ཞིག་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨུ་རུ་སུའི་དམག་དཔུང་གིས་ཡུག་ཀེ་རན་གྱི་བྱང་ཤར་ཁཱར་ཀི་ཝིའི་ཉེ་འཁྲིས་སུ་གཏོར་རྒོལ་རྒྱ་བསྐྱེད་ཀྱིས་དམག་ས་གསར་པ་ཞིག་ཕྱེ་ཡོད་པ་དང་། རེ་ཞིག་ནར་འགྱངས་ཐེབས་པའི་ཨ་རི་དང་ཡུ་རོབ་ཀྱི་གོ་མཚོན་ཁག་མ་འོངས་བདུན་ཕྲག་འགའ་ཤས་ཀྱི་ནང་ཚུན་དུ་གཡུལ་སར་འབྱོར་གྱི་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་༢༠༢༤ ལོའི་ལོ་འཁོར་སྙན་ཐོའི་ནང་། རྒྱ་ནག་དང་ཨུ་རུ་སུ་གཉིས་ནི་རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་བྱེད་མཁན་སྡུག་ཤོས་ཡིན་པར་མ་ཟད། རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་ལ་དྲག་གནོན་དང་རྒྱ་ནག་ཅན་དུ་སྒྱུར་བའི་ཤུགས་ཇེ་ཆེར་བཏང་ཡོད་པའི་སྐོར་འདིར་གསལ།
ནུབ་ཆིངས་ཚོཊ་ཁོངས་རྒྱལ་ཁབ་ཁག་གིས་ནུབ་ཆིབས་བཙུགས་ནས་ལོ་འཁོར་༧༥ འཁོར་བའི་དུས་དྲན་ཚོགས་འདུ་བསྐངས་ཏེ། ཡུག་ཀེ་རེན་གྱི་མཁའ་དབྱིངས་འགོག་སྲུང་ལ་ཤུགས་སྣོན་བྱ་རྒྱུའི་ཁས་ལེན་བྱས་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
མང་སྣོན།