པེ་རིས་རྩེད་འགྲན་ལེགས་གྲུབ་བྱུང་ནའང་ཆབ་སྲིད་ཀྱི་འགལ་ཟླ་མུ་མཐུད་གནས།

ཧྥི་རན་སི་སྲིད་འཛིན་ཨིམྨ་ནུལ་མེ་ཀོ་རོན་

Your browser doesn’t support HTML5

པེ་རིས་རྩེད་འགྲན་ལེགས་གྲུབ་བྱུང་ནའང་ཆབ་སྲིད་ཀྱི་འགལ་ཟླ་མུ་མཐུད་གནས།

པེ་རིས་ནང་བསྐོང་འཚོགས་བྱས་པའི་རྒྱལ་སྤྱིའི་དབྱར་དུས་ཨོ་ལོམ་པིག་རྩེད་འགྲན་ཧ་ཅང་གྲུབ་འབྲས་ལྡན་པའི་རྩེད་འགྲན་ཞིག་བྱུང་ཡོད་ནའང་། ཧྥི་རན་སི་ནི་རྒྱལ་ནང་གི་ཆབ་སྲིད་ཀྱི་དཀའ་རྙོགས་ལ་གདོང་ལེན་བྱེད་དགོས་གྱུར།

རེས་གཟའ་ཉི་མའི་ཉིན་ཨོ་ལོམ་པིག་རྩེད་འགྲན་མཇུག་སྒྲིལ་གྱི་འཛད་སྒོ་བྱས་རྗེས་སྲིད་འཛིན་ཨིམྨ་ནུལ་མེ་ཀོ་རོན་རང་ཉིད་ཀྱིས་བཟོས་པའི་ཆབ་སྲིད་ཀྱི་དཀའ་རྙོགས་ལ་ངེས་པར་གདོང་ལེན་གནང་དགོས་ཀྱི་ཡོད་པ་དང་། ཁོང་གིས་གདོང་ལེན་གནང་དགོས་པའི་ལས་དོན་ནི་སྲིད་འཛིན་མེ་ཀེ་རོན་རང་ཉིད་ཀྱིས་ཨོ་ལོམ་པིག་རྩེད་འགྲན་མཇུག་སྒྲིལ་མ་བྱས་བར་གནད་དོན་དེ་དག་སྣང་མེད་བྱས་ཡོད་ཅིང་། མི་རྣམས་ཀྱིས་གླེང་དགོས་པའི་གནད་དོན་ནི་སྲིད་གཞུང་གི་ལས་ཀའི་གོ་སྐབས་མང་པོ་མཁོ་སྤྲོད་བྱེད་ཐུབ་ཀྱི་མེད་པ་དང་འགྲོ་འགྲོན་ཉུང་འཕྲི་སོགས་གནད་དོན་དག་ཡིན་པར་བརྟེན་འོས་འཕེན་མི་མང་གི་ཁོང་ཁྲོ་ནི་རིམ་བཞིན་མངོན་གསལ་ཆགས་ཡོང་གི་ཡོད།

དེ་ཡང་རང་ལོ་༦༤ ཡིན་པའི་ལུས་རྩལ་པ་གཅིག་གིས་ད་ཆ་ང་ཚོ་ཡིད་དུ་འོང་བའི་རྨི་ལམ་དེ་ནས་གཉིད་སད་དགོས་ཀྱི་ཡོད། ང་ཚོ་ནི་རྒྱུན་ལྡན་ཀྱི་འཚོ་བའི་ནང་དཀའ་ངལ། དཔེར་ན་གཞུང་གི་ལས་ཀའི་གོ་སྐབས་མང་པོ་མཁོ་སྤྲོད་ཐུབ་ཀྱི་མེད་པ་དང་། གྲོས་ཚོགས་ནང་ཁྲིམས་བཟོ་བ་རྣམས་ནི་རྩོད་གླེང་ཁོ་ན་བྱེད་དགོས་པ། བདེ་སྐྱིད་དང་མཉམ་ལས་བྱ་རྒྱུའི་ཚབ་ཏུ་སྡུག་བསྔལ་གྱི་གནས་སྟངས་མཐོང་སྐབས་སེམས་སྐྱོ་དགོས་པ་ཞིག་ཆགས་ཀྱི་འདུག་ཅེས་བཤད་འདུག ཧྥི་རན་སའི་ཆབ་སྲིད་ཀྱི་དཀའ་རྙོགས་ནི་སྲིད་འཛིན་མ་ཀོ་རོན་གྱིས་ཨོ་ལོམ་པིག་རྩེད་འགྲན་འགོ་འཛུགས་ཀྱི་གཟའ་འཁོར་འགའ་ཤས་གོང་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུ་དེ་དུས་བཀག་གི་སྔོན་ལ་བྱེད་རྒྱུར་ཐག་གཅོད་བྱས་པའི་བྱུང་འབྲས་སུ་སྲིད་དོན་ཚོགས་པ་སུ་ཞིག་ལ་ཡང་འཐུས་མི་གྲངས་མང་ཐོབ་མེད་པར་བརྟེན་ཧྥི་རན་སིའི་གྲོས་ཚོགས་ནང་སྲིད་དོན་ཚོགས་པ་གཞན་དང་མཉམ་ལས་མེད་པར་ཚོགས་པ་གཅིག་གིས་ཁྲིམས་འཆར་སོགས་ཐག་གཅོད་བྱེད་པའི་ནུས་པ་མེད་པའི་གྲོས་ཚོགས་ལ་གྱུར་འདུག་ཅིང། ཧྤི་རན་སའི་སྲིད་བློན་དེ་སྲིད་འཛིན་མེ་ཀོ་རོན་གྱི་སྲིད་དོན་ཚོགས་པ་དང་གཡོན་ཕྱོགས་ཚོགས་པ། གཡས་ཕྱོགས་རྒྱལ་ཡོངས་ཚོགས་པ་བཅས་ཀྱི་འདོད་བློ་སྐོང་ཐུབ་མཁན་ཞིག་འདེམས་རྒྱུ་ཁག་པོ་ཆགས་ཡོད།

སྤྱི་ཟླ་བདུན་པའི་ཚེས་༧ཉིན་ཧྥི་རན་སི་ནང་འོས་བསྡུ་ཆེན་མོ་བྱས་རྗེས་སྲིད་དོན་ཚོགས་ཚོའི་དབར་ཉིན་ཤས་རིང་ཆབ་སྲིད་གྲོས་མོལ་བྱ་རྒྱུར་འབད་བརྩོན་བྱས་འདུག་ཀྱང་གྲུབ་འབྲས་ལྡན་པ་མ་བྱུང་བར་སྲིད་འཛིན་མ་ཀེ་རོན་གྱིས་ཨོ་ལོམ་པིག་རྩེད་འགྲན་གྱི་རིང་དུས་འགྱངས་གནང་རྒྱུའི་ཐག་གཅོད་གནང་ནས་ཕྱི་ཟླ་བརྒྱད་པའི་ཟླ་དཀྱིལ་ཙམ་ལ་སྲིད་བློན་འོས་འདེམས་སྐོར་གྱི་གྲོས་མོལ་བྱ་རྒྱུའི་ཐག་གཅོད་བྱས། ད་ཆ་སྲིད་འཛིན་གྱིས་སྲིད་བློན་གྱི་འོས་མི་མིང་འདོན་བྱ་རྒྱུའི་དུས་སུ་སླེབས་ཡོད་ཀྱང་སྲིད་འཛིན་མ་ཀོ་རོན་གྱིས་འོས་མི་མིང་འདོན་གནང་རྒྱུར་བྲེལ་བ་མེད་པའི་རྣམ་འགྱུར་བསྟན་ཡོད།

དེ་ཡང་སྲིད་འཛིན་མ་ཀོ་རོན་གྱིས་ཧྥི་རན་སིའི་གསར་འགྱུར་ལས་ཁང་ཞིག་གིས་བཅར་འདྲི་བྱས་སྐབས་སྲིད་བློན་གྱི་འོས་མི་མིང་འདོན་བྱ་རྒྱུའི་བརྡ་ཙམ་ཡང་མ་བཏང་པའམ། ཡང་ན་གསལ་བསྒྲགས་དེ་ག་དུས་བྱ་རྒྱུ་ཡིན་སྐོར་གང་ཡང་མ་གསུངས་པར་དེ་ལས་ལྡོག་སྟེ་ཨོ་ལོམ་པིག་རྩེད་འགྲན་དེ་བཞིན་གྲུབ་འབྲས་ལྡན་པ་ཞིག་ཡོང་རྒྱུ་མིན་པའི་དཱོགས་པ་བྱེད་མཁན་ཚང་མ་ནོར་བ་རེད། བརྙན་འཕྲིན་ལྟ་མཁན་དང་གསར་ཤོག་ཀློག་སྐབས་ཧྥི་རན་སི་གནས་སྟངས་ཇེ་སྡུག་ཏུ་འགྲོ་ཡི་ཡོད་ཅེས་བརྗོད་མཁན་ཡང་ཡང་ཐོས་རྒྱུ་ཡོད་ནའང་། དོན་དངོས་ལ་གྲུབ་འབྲས་ལྡན་པའི་ལས་དོན་དེ་རྣམས་ང་ཚོས་མཉམ་ལས་ཀྱིས་བསྒྲུབས་ཐུབ་ཀྱི་ཡོད་པ་གསལ་སྟོན་བྱས་པ་རེད་ཅེས་གསུངས་འདུག

རུའི་ཀྲར་གསར་ཁང་དང་ཝ་སིན་ཌོན་པོསྜ་གཉིས་ནས་བཏུས།

གསར་འགོད་པ། རྒྱལ་མཚན་ཚེ་རིང་།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།