ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨི་ཇེབྜ་ནང་ཕེབས་ཏེ་གྷ་ཛར་མེ་འཕེན་མཚམས་འཇོག་ཡོང་ཐབས་གནང་།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་ བྷི་ལིན་ཀེན་གྱིས་ཨིས་རེལ་གྱི་གྲོང་ཁྱེར་ཨ ལིཝ་ནང་སྲིད་བློན་ནེ་ཏན་ཡ་ཧུ་དང་ཐུག་འཕྲད་གྲོས་མོལ་གནང

Your browser doesn’t support HTML5

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨི་ཇེབྜ་ནང་ཕེབས་ཏེ་གྷ་ཛར་མེ་འཕེན་མཚམས་འཇོག་ཡོང་ཐབས་གནང་།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་ བྷི་ལིན་ཀེན་གྱིས་ཨིས་རེལ་གྱི་གྲོང་ཁྱེར་ཨ ལིཝ་ནང་སྲིད་བློན་ནེ་ཏན་ཡ་ཧུ་དང་ཐུག་འཕྲད་གྲོས་མོལ་གནང་སྟེ་གཟའ་འཁོར་སྔོན་མའི་ནང་གི་གྲོས་མོལ་ལ་གྲུབ་འབྲས་བྱུང་མེད་ནའང་། ཕྱོགས་གཉིས་ཀས་ཨ་རིས་སྣེ་ཁྲིད་དེ་གྲོས་འཆར་བཏོན་པ་དེར་ཁས་ལེན་བྱས་ཡོད་བཞིན་ཧ་མས་སྒྲིག་འཛུགས་ཀྱིས་ཀྱང་གྲོས་འཆར་དེར་གྲོས་མོལ་གྱི་གཞི་རྩར་ངོས་བཟུང་སྟེ་ཁས་ལེན་བྱེད་དགོས་པའི་ནན་བསྐུལ་གནང་འདུག

ཧ་མས་སྒྲིག་འཛུགས་ཀྱིས་དེའི་གོང་གི་གྲོས་འཆར་དེ་དག་ལ་ཁས་ལེན་མ་བྱས་པར་ཨིས་རལ་དང་ཨ་རི་གཉིས་ཀྱིས་ལྷག་བསམ་རྣམ་ཐག་གིས་གྲོས་མོལ་བྱེད་ཀྱི་མེད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

ཨེ་ཇེབྜ་ཀྱིས་འདས་པའི་ཟླ་བ་མང་པོའི་གོང་ནས་ཨ་རི་དང་ཀ་ཏར་གཉིས་མཉམ་དུ་གྷ་ཛ་ལུང་གཤོངས་ནང་མེ་འཕེན་མཚམས་འཇོག་ཡོང་ཐབས་ལ་གྲོས་མོལ་བྱས་ཡོད་པ་བཞིན་ད་ལམ་བྷི་ལིན་ཀིན་གྱིས་ཨེ་ཇེབྜ་ཀྱི་་སྲིད་འཛིན་ཨབ་དྷུལ་ ཕ་ཏཱ་ཨེལ་སི་སི་དང་མཇལ་འཕྲད་གནང་འདུག་ཅིང་། མཇལ་འཕྲད་ཀྱི་རྗེས་སུ་ཨེ་ཇེབྜ་ཀྱི་སྲིད་འཛིན་གྱིས་ད་ཆ་དམག་འཁྲུག་འདི་མཚམས་འཇོག་བྱེད་དགོས་པའི་དུས་ལ་སླེབས་འདུག དེ་ལྟར་མ་བྱུང་ན་དཀྱིལ་ཤར་ཁུལ་དུ་གཞི་རྒྱ་ཆེ་བའི་དམག་འཁྲུགས་ཡོང་རྒྱུའི་ཉེན་ཁ་འདུག་ཅེས་ཉེན་བརྡ་བཏང་འདུག

ད་ལྟ་ཆག་འཇིག་གི་ཉེན་ཁ་ཆེ་ཤོས་དེ་ནི་གྷ་ཛ་ལུང་གཤོངས་ཡིན་པ་དང་། ན་ནིང་ཕྱི་ཟླ་༡༠ པའི་ནང་ཧ་མས་སྒྲིག་འཛུགས་ཀྱིས་ཨིས་རལ་ལ་རྒོལ་རྡུང་བཏང་བ་དེར་ཨིས་རལ་གྱིས་འཁོན་ལན་སློག་ནས་གྷ་ཛ་ལུང་གཤོངས་ནང་པེ་ལི་སི་ཐན་གྱི་མི་མང་བཞི་ཁྲི་ལྷག་རྐྱེན་ལམ་དུ་བཏང་ཡོད་སྐོར་པེ་ལི་སི་ཐན་གྱི་འཕྲོད་བསྟེན་ལས་ཁང་གིས་བརྗོད་ཀྱི་ཡོད་ནའང་། རེས་གཟའ་མིག་དམར་ཉིན་ཨ་སི་རལ་གྱི་དཔུང་དམག་ཚོར་གྷ་ཛའི་ལྷོ་ཕྱོགས་ཁུལ་ནས་འཛིན་བཟུང་བཙན་ཁྲིད་བྱས་པ་དྲུག་གི་ཕུང་པོ་བརྙེད་སོན་བྱུང་ཞེས་བརྗོད་པ་དང་སྦྲགས། ད་དུང་མི་གྲངས་༡༠༩་བཙན་ཉར་འོག་ཡོད་མུས་ཡིན་པ་དང་། དེའི་ནང་ནས་གསུམ་ཆ་གཅིག་ཧ་ལམ་འཚོ་གནས་མེད་པའི་ཚོད་དཔག་བྱེད་ཀྱི་འདུག དེ་ལ་བརྟེན་དམག་འཁྲུག་མཚམས་འཇོག་མ་བྱུང་བ་ཡིན་ན། གཏོར་རྒོལ་འཕར་མ་ཡོང་སྲིད་པའི་ཉེན་ཁ་ཡོད་པ་རེད། ཕྱི་སྲིད་དྲུང་ཆེ་བྷི་ལིན་ཀིན་གྱིས་ཞི་འགྲིགས་གྲོས་མོལ་ཡོང་ཐབས་ལ་དམིགས་པའི་གྲོས་འཆར་གསར་ཤོས་དེ་ནི་ད་བར་་གྲོས་འཆར་བཏོན་པའི་ནང་ནས་ཡག་ཤོས་ཡིན་པ་མ་ཟད། དེའི་ཐད་འབད་རྩོན་བྱེད་རྒྱུའི་གོ་སྐབས་མཐའ་མར་འགྱུར་སྲིད་ཀྱི་རེད་ཅེས་གསུངས་འདུག

ཨིས་རལ་གྱི་སྲིད་བློན་ནེ་ཏན་ཡ་ཧུ་དང་གྲོས་མོལ་གནང་བ་རྣམས་དོན་ཕན་ལྡན་པ་ཞིག་འདུག་ཀྱང་། ད་ཆ་་ཧ་མས་སྒྲིག་འཛུགས་ཀྱིས་འབྲེལ་མཐུད་གྲོས་འཆར་ཁག་ལ་ཁས་ལེན་བྱེད་དགོས་ཀྱི་རེད་ཅེས་གསུངས་འདུག གྲོས་མོལ་བྱེད་མཁན་ཨ་རི་དང་ཧ་མས། ཨིས་རལ། ཨེ་ཇེབྜ་ ཀ་ཏར་བཅས་ཀྱིས་གྲོས་འཆར་གྱི་ནང་དོན་སྐོར་ཕྱིར་འདོན་བྱས་མེད་ནའང་དེའི་གོང་གི་གྲོས་འཆར་གསར་རྙིང་ལ་ཁྱད་པར་དང་འགྱུར་བ་གང་ཡོད་སྐོར་གསལ་འདོན་བྱས་མི་འདུག

རུའི་ཀྲར་གསར་སྤེལ་ཁང་ནས་བཏུས།

གསར་འགོད་པ། ཚེ་བརྟན་ཆོས་སྒྲོན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།