ཨ་རིའི་རོགས་ཚོགས་དང་བོད་ཀྱི་ཐེབས་རྩའི་ལས་གཞི་དབུ་འབྱེད།
ཨ་རིའི་རོགས་ཚོགས་དང་བོད་ཀྱི་ཐེབས་རྩ་གཉིས་ཀྱིས་ལོ་མང་རིང་མཉམ་འབྲེལ་ཐོག་ནས་དབུས་བོད་མིའི་སྒྲིག་འཛུགས་དང་མཉམ་དུ་ལྷོ་ཨེ་ཤི་ཡའི་ནང་བོད་མིའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་རྒྱུན་གནས་སོར་ཆུད་ལས་འཆར་སྤེལ་དང་སྤེལ་མུས་བཞིན། ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན་ལོ་ལྔ་ཚན་གསར་པའི་ལས་གཞི་ཞིག་དབུ་འབྱེད་གནང་སོང་།