ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཊམ་དང་ཧྥ་རན་སིའི་འགོ་ཁྲིད་ཀྱིས་ཡུག་ཀེ་རན་དང་འབྲེལ་བའི་བཀའ་མོལ་གནང་།
གཟའ་ལྷག་པ། ༢༠༢༥/༠༤/༠༩

ཊམ་དང་ཧྥ་རན་སིའི་འགོ་ཁྲིད་ཀྱིས་ཡུག་ཀེ་རན་དང་འབྲེལ་བའི་བཀའ་མོལ་གནང་།


ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ ཊམ་གྱིས་ཧྥ་རན་སིའི་སྲིད་འཛིན་ཨེམ་མ་ནུལ མ་ཁི་རོན་
ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ ཊམ་གྱིས་ཧྥ་རན་སིའི་སྲིད་འཛིན་ཨེམ་མ་ནུལ མ་ཁི་རོན་

༄༅།། ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ ཊམ་གྱིས་ཧྥ་རན་སིའི་སྲིད་འཛིན་ཨེམ་མ་ནུལ མ་ཁི་རོན Emmanuel Macron དང་མཇལ་འཕྲད་གནང་ཞིང་། ཁོང་གིས་ཡུག་ཀེ་རན་གྱི་ནང་དམག་འཁྲུག་འདི་མཚམས་འཇོག་བྱ་རྒྱུར་དམིགས་པའི་གྲོས་མཐུན་ཞིག་འཇོག་རྒྱུའི་ཉེ་བའི་མཚམས་སུ་སླེབས་ཡོད་ཅེས་གསུངས་ཡོད་པ་རེད།

ཁ་སང་རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ ཊམ་ནི་ཕོ་བྲང་དཀར་པོ་རུ་ཧྥ་རན་སིའི་སྲིད་འཛིན་ཨེམ་མ་ནུལ མ་ཁི་རོན་དང་མཇལ་འཕྲད་གནང་སྟེ། ཡུག་ཀེ་རན་དང་ཨུ་རུ་སུའི་དམག་འཁྲུག་འདི་མཚམས་འཇོག་ཡོང་ཐབས་ཀྱི་སྐོར་ལ་བཀའ་གྲོས་གནང་ཡོད་པ་རེད།

སྲིད་འཛིན་ཊམ་གྱིས་ཡུག་ཀེ་རན་གྱི་ནང་དམག་འཁྲུག་འདི་མཚམས་འཇོག་ཡོང་ཐབས་སུ་ཁོང་གིས་ཡུག་ཀེ་རན་གྱི་རང་བྱུང་གཏེར་རྫས་དང་འབྲེལ་བའི་གྲོས་མཐུན་ཞིག་འཇོག་རྒྱུ་ཡིན་པ་དང་། དེ་ཡང་གཟའ་འཁོར་རྗེས་མའི་ནང་ ཡུག་ཀེ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀེ Zelensky ཡིས་གྲོས་མཐུན་དེར་མཚན་རྟགས་འགོད་སྲིད་ཀྱི་རེད་ཅེས་གསུངས་ཡོད་པ་རེད།

དེ་བཞིན་སྲིད་འཛིན་ཊམ་གྱིིས་ཕྱོགས་གཉིས་དབར་ཡིད་ཆེས་མེད་པའི་བློ་དོགས་ཆེན་པོ་ཡོད་ཀྱང་། གྲོས་མཐུན་ཞིག་འཇོག་རྒྱུ་དེ་ནི་ཨུ་རུ་སུ་ལ་ཁེ་ཕན་ཡོད་པ་ཞིག་ཡིན་པ་དང་ཨུ་རུ་སུས་གྲོས་མཐུན་འཇོག་རྒྱུར་འདོད་མོས་བྱེད་ཀྱི་ཡོད་རེད་བསམ་གྱི་འདུག་ཅེས་གསུངས་ཡོད་པ་རེད།

འོན་ཀྱང་སྲིད་འཛིན་ཊམ་གྱིས་ཡུ་རོབ་ཀྱིས་ཡུག་ཀེ་རན་ལ་དངུལ་བུན་ཞིག་སྤྲད་ནས་རོགས་རམ་གནང་ཡོད་རེད་ཅེས་གསུངས་པའི་སྐབས་ཧྥ་རན་སིའི་སྲིད་འཛིན་མ་ཁི་རོན་གྱིས་དེའི་ཐད་སྲིད་འཛིན་ཊམ་གྱི་གསུངས་དོན་དེར་ཡོ་བསྲང་གནང་སྟེ་ཉེན་བརྡ་ཞིག་ཀྱང་བཏང་ཡོད་པ་རེད།

སྲིད་འཛིན་མ་ཁི་རོན་གྱིས་ཧྥ་རན་སི་དང་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་དང་ཡུག་ཀེ་རན་གྱི་དམག་འཁྲུག་འདིའི་ནང་ཐེ་གཏོགས་བྱེད་རྒྱུར་གྲ་སྒྲིག་ཡོད་ཀྱང་ཡུག་ཀེ་རན་གྱི་བདེ་འཇགས་འགན་སྲུང་བྱ་རྒྱུར་ཨ་མི་རི་ཀའི་རྒྱབ་སྐྱོར་དེ་གལ་འགངས་ཆེན་པོ་རེད་ཅེས་ནན་བརྗོད་གནང་ཡོད་པ་རེད།།

ཡུག་ཀེ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀེ་ཡིས་ཀྱང་ཨ་མི་རི་ཀའི་རྒྱབ་སྐྱོར་གལ་ཆེན་པོ་ཡིན་པ་དང་། རྒྱབ་སྐྱོར་གནང་རྒྱུའི་རེ་འདུན་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།

འོན་ཀྱང་ཉེ་ཆར་སོ་ཌི ཨ་རབ་ Saudi Arabia ནང་ཨ་མི་རི་ཀ་དང་ཨུ་རུ་སུའི་མཐོ་རིམ་གཞུང་འབྲེལ་མི་སྣའི་ཚོགས་འདུ་དེའི་ནང་ཡུག་ཀེ་རན་མཉམ་ཞུགས་བྱེད་མ་བཅུག་པ་དེ་ལ་རྒྱལ་སྤྱིའི་དབུ་ཁྲིད་མང་པོས་བློ་འཚབ་གནང་གི་ཡོད་པ་རེད།།

གླེང་སྟེགས།

XS
SM
MD
LG