ངོ་འཕྲད་བདེ་བའི་དྲ་འབྲེལ།

 
མཚོ་སྔོན་ཚེ་རིང་ལགས་སུ་རྒྱ་ནག་གཞུང་གིས་སླར་ཡང་བཙོན་འཇུག་ཟླ་བ་བརྒྱད་འཕར་འགྱངས་བྱས་ཡོད་པ་རེད་འདུག
གཟའ་ཟླ་བ། ༢༠༢༥/༠༣/༣༡

མཚོ་སྔོན་ཚེ་རིང་ལགས་སུ་རྒྱ་ནག་གཞུང་གིས་སླར་ཡང་བཙོན་འཇུག་ཟླ་བ་བརྒྱད་འཕར་འགྱངས་བྱས་ཡོད་པ་རེད་འདུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཚེ་རིང་ལགས་སུ་རྒྱ་ནག་གཞུང་གིས་སླར་ཡང་བཙོན་འཇུག་ཟླ་བ་བརྒྱད་འཕར་འགྱངས་བྱས་ཡོད་པ།

སྔ་ལོ་མཚོ་སྔོན་ཚེ་རིང་ལགས་ཀྱིས་དྲྭ་རྒྱའི་ཐོག་ནས་རྒྱ་ནག་གིས་ཨན་ཧུའི་ཞིང་ཆེན་འཛུགས་སྐྲུན་ལས་གྲྭ་ཀུང་སིས་གཞུང་ལམ་བཟོ་སྐྲུན་གྱི་མིང་ཐོག་ནས་བྱེ་མ་དང་གཏེར་ཁ་སྡོག་འདོན་བྱེད་ཀྱི་ཡོད་པ་ཐེར་འདོན་གནང་བའི་བརྙན་པར་ཞིག་སྤྱི་ཚོགས་དྲྭ་ལམ་ཐོག་ཁྱབ་སྤེལ་ཤུགས་ཆེ་ཕྱིན་པའི་རྗེས། ས་གནས་ཉེན་རྟོག་པས་ཁོང་དང་ཁོང་གི་ནང་མི་རྣམས་སྐད་བཏང་སྟེ། མཚོ་སྔོན་ཚེ་རིང་ལགས་བཀག་ཉར་བྱས་པ་དང་སྐབས་དེར་ཁོང་ལ་སྤྱི་ཚོགས་ཀྱི་བདེ་འཇགས་དཀྲུག་པའི་ཉེས་འཛུགས་འོག་ཟླ་བ་ ༨ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད་འདུག

དེ་བཞིན་མཚོ་སྔོན་ཚེ་རིང་ལགས་དེ་སྔ་ཁྱུང་མཆུ་རྫོང་བཙོན་ཁང་དུ་བཀག་ཉར་བྱས་ནའང་ཁོང་ནས་རང་ཉིད་ལ་ཕོག་པའི་ཁྲིམས་ཆད་ཁས་ལེན་མ་བྱས་སྟབས། ཉེ་ལམ་འབར་ཁམས་རྫོང་ཐོག་ཏུ་ཡོད་པའི་རྔ་པ་ཁུལ་བཙོན་ཁང་དུ་བཏང་ཡོད་པ་དང་། མུ་མཐུད་ནས་ཁོང་གི་གནད་དོན་ལ་ཁུལ་ཁྲིམས་ཁང་གིས་ཐག་གཅོད་བྱ་རྒྱུ་ཡིན་བརྗོད་ཀྱི་འདུག་ལ། ཁོང་གིས་རྫོང་ཁྲིམས་ཁང་གི་ཐག་གཅོད་ལ་ཁས་ལེན་མ་བྱས་སྟབས་སླར་ཡང་ཟླ་བ་བརྒྱད་འཕར་འགྱངས་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་ལ་ཐུག་འཕྲད་སོགས་གང་ཡང་བྱེད་མི་ཆོག་པ་མ་ཟད། ཁོང་གི་ནང་མི་ལའང་ཁོང་གི་སྐོར་གང་བྱུང་བཤད་ཚེ་ཁྲིམས་ཆད་ལྕི་རུ་འགྲོ་གི་རེད་ཅེས་དང་འཇིགས་སྐུལ་ཡང་བྱས་འདུག

དེ་མིན་ཁོང་གི་ཕ་མ་གཉིས་ལོ་གསར་སྐབས་སུ་ག་པར་འགྲོ་གི་ཡོད་མེད་ལྟ་རྟོག་བྱེད་མཁན་ཡོད་པ་མ་ཟད། ཁོང་གཉིས་སྨོན་ལམ་ལའང་མཇལ་ཁར་བཏང་མེད་པ་སོགས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་གནས་ཚུལ་སྤེལ་འདུག

གླེང་སྟེགས།

XS
SM
MD
LG