ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༡༢/༢༡

༧གོང་ས་མཆོག་གིས་དྲྭ་ལམ་དུ་ཨ་རིའི་མཐོ་རིམ་དཔོན་རིགས་ཚོར་མཇལ་འཕྲད། 


༄༅།། ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་ཨ་རིའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ལས་ཁུར་བཞེས་ནས་སྲིད་གཞུང་གསར་པ་ཞིག་ཚུགས་རྒྱུ་དང་། སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་གྱི་སྲིད་གཞུང་གི་མཐོ་རིམ་ལས་སྣེ་ཁག་དང་གནད་ཡོད་མི་སྣ་རྣམས་འཕོ་འགྱུར་འགྲོ་ཡི་ཡོད་ཅིང་། དེར་བརྟེན་ཕྱི་ཟླ་དང་པོའི་ཚེས་༡༣་ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་རོ་བྷར་ཊི་དེ་སི་ཊེ་རོ་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་ཇཱ་སི་ཊར་གཉིས་གཙོས་ཨ་རིའི་གཞུང་གི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དྲྭ་ལམ་དུ་མཇལ་འཕྲད་གནང་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གསར་འགོད་པས་འབྲེལ་ཡོད་ལས་སྣེ་ཁག་ལ་བཅར་འདྲི་ཞུས་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། གཟའ་ལྷག་པའི་ཉིན་གྱི་དྲྭ་ལམ་དུ་མཇལ་འཕྲད་དུས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་དང་བོད་གཉིས་ལ་ལོ་བཅུ་ཕྲག་མང་པོའི་སྔོན་ནས་མཛའ་མཐུན་གྱི་དམིགས་བསལ་འབྲེལ་བ་ཞིག་ཚུགས་ཡོད་པ་རྣམས་ལུང་འདྲེན་གྱིས་ཨ་རིའི་གཞུང་གིས་ད་ལྟའི་བར་དུ་བོད་པ་ཚོར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་རྗེ་ཆེ། ལྷག་པར་དུ་ལྡི་ལིར་བཅའ་སྡོད་ཨ་རིའི་གཞུང་ཚབ་པས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལྡི་ལིའི་སྐུ་ཚབ་དོན་གཅོད་བརྒྱུད་ནས་ཏོག་དབྱིབས་ནད་དུག་གི་དཀའ་ངལ་དུས་སུ་བོད་པ་ཚོའི་བདེ་སྡུག་ལ་དམིགས་བསལ་གྱི་ཐུགས་ཁུར་བཞེས་པར་ཐུགས་དགྱེས་ཚོར་ཆེན་པོས་བསྔགས་བརྗོད་གནང་འདུག ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཌེ་སི་ཊེ་རོས་བོད་རྒྱ་ཞི་མོལ་ཡོང་ཐབས་དང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བཅས་ལ་ཨ་རིའི་གཞུང་གིས་སྔར་བཞིན་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག

སྤྱིར་ཨ་རིའི་གཞུང་གིས་དུས་ནམ་ཞིག་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་བྱས་ཀྱང་སྐུ་ཚབ་དེ་བཞུགས་སྒར་དུ་ཕེབས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་དང་བོད་མིའི་སྒྲིག་འཛུགས་ལ་གཟིགས་ཞིབ། བོད་ཀྱི་དངོས་ཡོད་གནས་སྟངས་རྣམས་རྒྱུས་ལོན་གང་ལེགས་ཐུབ་ཐབས་གནང་སྲོལ་ཡོད་མོད། འོན་ཀྱང་སྔ་ལོ་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་སྟབས་ཀྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཌེ་སི་ཊི་རོ་རྒྱ་གར་ལ་དངོས་སུ་ཕེབས་ཐུབ་མེད་པས་༧གོང་ས་མཆོག་ལ་དྲྭ་ལམ་དུ་མཇལ་འཕྲད་ཞུ་དགོས་བྱུང་བ་རེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཞལ་པར་ཐོག་ཏུ་གནས་ཚུལ་མཁོ་སྤྲོད་གནང་སོང་བ་མ་ཟད། ཁོང་གིས་ཐེངས་འདིར་དྲྭ་ལམ་དུ་༧གོང་ས་མཆོག་ལ་མཇལ་འཕྲད་ཞུ་མཁན་ཨ་རིའི་དཔོན་རིགས་རྣམས་ཕྱི་ཚེས་༢༠་ནས་འཕོ་འགྱུར་འགྲོ་ཡི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གནས་རོགས་གནང་།།

XS
SM
MD
LG