༧གོང་ས་མཆོག་འཕྲོད་བསྟེན་བརྟག་དཔྱད་གྲུབ་རྗེས་བཞུགས་སྒར་དུ་ཞབས་སོར་བདེ་འཁོད་གནང་བ།
༸གོང་ས་༸སྐྱབས་མགོན་མཆོག་ནས་ཉེ་ལམ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་གྱིས་སྐུའི་འཕྲོད་བཞེས་བརྟག་དཔྱད་གྲུབ་མཚམས་དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡༢ ཉིན་མགོན་པོ་གང་ཉིད་སྔར་རྒྱུན་བཞིན་སྐུ་ཁམས་གསལ་ཐང་ཐོག་སྐུ་འཁོར་ལྷན་རྒྱས་དང་བཅས་པ་རྒྱལ་ས་ལྡི་ལི་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་སོང་།