༧གོང་ས་༧སྐྱབས་མགོན་མཆོག་ནས་ནིའུ་ཛི་ལན་ཌེ་དང་ཧྥི་ཇིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་མཇལ་མོལ།
༧གོང་ས་མཆོག་ནས་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༡༡ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་ཆེད་དུ་གདན་ཞུ་གནང་བའི་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༥ འཁོར་བའི་མཛད་སྒོའི་སྐུ་མགྲོན་ནིའུ་ཛི་ལན་ཌེ་དང་ཧྥེ་ཇིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་མཇལ་མོལ་གནང་།