༧གོང་ས་མཆོག་ནས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོར་འཚམས་འདྲི་གནང་།
༧གོང་ས་མཆོག་གིས་དེ་རིང་ཕྱི་ཟླ་ ༧ ཚེས་ ༢༢ ཉིན་ཨ་རིའི་གྲོང་ཁྱེར་ ནིའུ་ཡོག་ནས་ལྕམ་ རོ་བྷར་ཊ་ མེཊ་སོ་ལ་དང་། ལྕམ་ ཨུར་སུ་ལ་ ཝོན་ ཌེར་ ལེ་ཡེན་རྣམ་གཉིས་ལ་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་ཆུང་གི་ཚོགས་གཙོར་བསྐྱར་དུ་འདེམས་ཐོན་བྱུང་བར་འཚམས་འདྲིའི་གསུང་འཕྲིན་རེ་སྩལ་གནང་མཛད་ཡོད་འདུག