ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༣༡

བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ལ་མདོ་སྨད་ཆོལ་ཁས་གྱ་སྟོན་གྱི་བརྟན་བཞུགས་ཕུལ་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ལ་སྤྱི་ཟླ་༦ཚེས་༡༤དང་། ས་ག་ཟླ་བའི་ཚེས་༡༥ཉིན་མདོ་སྨད་ཆོལ་ཁའི་ངོས་ནས་གྱ་སྟོན་གྱི་བརྟན་བཞུགས་ཕུལ་ཞིང་སྐུ་མགྲོན་གཙོ་བོ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་། བཀའ་སྤྱི་ཟུར་བ་ཁག་ཅིག་དང་མདོ་སྨད་མི་མང་འཛོམས་ཏེ་གྱ་སྟོན་གནང་འདུག

བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ལ་སྤྱི་ཟླ་ ༦ ཚེས་ ༡༤ དང་། ས་ག་ཟླ་བའི་ཚེས་ཆེན་ ༡༥ ཉིན་མདོ་སྨད་ཆོལ་ཁའི་ངོས་ནས་གྱ་སྟོན་གྱི་བརྟན་བཞུགས་འབུལ་བཞེས་གནང་སོང་། བརྟན་བཞུགས་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གཙོས་པས་བཀའ་ཟུར་ཁག་ཅིག་དང་། སྤྱི་འཐུས་ལས་ཟུར་ཁག་ཅིག་དེ་བཞིན་དགེ་འདུན་པ་དང་། མདོ་སྨད་མི་མང་རྣམས་ལྷན་འཛོམས་སར་ཀིརྟི་རིན་པོ་ཆེ་མཆོག་གིས་དེ་རིང་དུས་བཟང་ཁྱད་པར་ཅན་ཞིག་ཁེལ་ཡོད་སྟབས་མི་མང་ཚོས་བརྟན་བཞུགས་འདི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞིན་ཡོད་པའི་ཐུགས་སྨོན་གནང་རོགས་ཞེས་བཀའ་སློབ་ཕེབས་སོང་།

དེ་བཞིན་མདོ་སྨད་ཆོལ་ཁའི་ངོས་ནས་ཀིརྟི་རིན་པོ་ཆེ་མཆོག་ལ་གསེར་གྱི་གཟེངས་རྟགས་ཤིག་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་སྲིང་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱག་ནས་འབུལ་ལམ་ཞུས་གནང་སོང་ལ་གཟེངས་རྟགས་འབུལ་དགོས་སྐོར་མདོ་སྨད་རྒྱུན་ལས་ཁང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་གངས་རི་ལགས་ཀྱི་ངོ་སྤྲོད་ཀྱང་གནང་སོང་།

གཞན་ཡང་ཀིརྟི་རིན་པོ་ཆེ་མཆོག་གིས་ད་ལྟའི་ཆར་མི་མང་ཚོས་ང་ལ་མཐོང་ཆེན་པོ་དང་། གཟེངས་བསྟོད་གནང་བ་དེ་དག་ངའི་ཐོག་ནས་འཇོན་པ་ཞིག་མིན་པར། དེ་ཡང་ང་ལོ་བཅོ་ལྔ་ཡིན་པའི་སྐབས་༧གོང་ས་མཆོག་གིས་ཁྱེད་རང་བོད་ཀྱི་རྒྱལ་ས་ལྷ་སར་གང་མགྱོགས་ཕེབས་ཤོག་ཅེས་བཀའ་ཡིག་རིམ་པ་གཉིས་བསྩལ་བར་བརྟེན། ང་བོད་ཀྱི་རྒྱལ་ས་ལྷ་སར་སླེབས་པ་རེད། གལ་ཏེ་བཀའ་ཡིག་དེ་གནང་མེད་ན་ང་མདོ་སྨད་ནང་ལུས་པའི་བླ་རྒན་ཞིག་ཆགས་ཡོད་པ་རེད་ཅེས་ཀྱང་གསུངས་གནང་སོང་།

དེ་བཞིན་རིན་པོ་ཆེ་མཆོག་གིས་མུ་མཐུད་ནས་གསུང་གསལ། སྤྱི་ལོ་ ༡༩༦༣ ལོའི་ནང་མདོ་སྨད་ཆོལ་ཁས་༧གོང་ས་མཆོག་ལ་བརྟན་བཞུགས་ཐེངས་དང་པོ་དེ་ཕུལ་ཡོད་པ་དང་། སྤྱི་ལོ་ ༡༩༧༡ ལོར་མདོ་སྨད་མི་མང་འཐུས་མིའི་ཚོགས་འདུ་ཐེངས་དང་པོ་བཞུགས་སྒར་དུ་འཚོགས་ཏེ། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ཐོག་མར་གསར་འཛུགས་གནང་བ་ཞིག་ཡིན་པ་ཡང་ངོ་སྤྲོད་གནང་སོང་། །

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG