ཀུན་གླེང་། ༢༠༢༣ ལོའི་ཟླ་༣ ཚེས་༣
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བཞུགས་སྒར་དུ་ཏོག་དབྱིབས་ནད་ཡམས་རྗེས་ཀྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཐེངས་དང་པོ་དབུ་འཛུགས་དང་། ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་ལ་ཉན་ཞིབ། ཐེ་ཝན་ལ་གོ་མཚོན་བཙོང་འཆར། ཏོག་ནད་ཀྱི་འབྱུང་ཁུངས་རྩད་གཅོད། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་༧གོང་ས་མཆོག་དང་དུས་བབ་དུས་དེབ་ཀྱི་འབྲེལ་བ། བལ་ཡུལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ལོ་སར་དྲིལ་བསྒྲགས། ལོ་མི་སར་བའི་ལས་འགུལ་ཐེངས་བཅུ་བ། ཀྲིག་ཀྲོག་བཀག་སྡོམ་སོགས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་༡༩༦༡ ལོར་རང་ལོ་ཉི་ཤུ་རྩ་བཞིའི་ཐོག་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ལོ ༡༩ ལྷག་རིང་རྒྱ་ཡི་བཙོན་འོག་ཏུ་དཀའ་སྡུག་མྱངས་པའི་རྡོ་གཅོད་དཀོན་མཆོག་བསྟན་དར་ལགས་ངོ་སྤྲོད་བྱས་ཡོད། ཀུན་གླེང་དུ་རྡོ་རྗེ་ཚེ་བརྟན་གྱིས་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་དང་ཚོགས་ཟུར་མཁན་པོ་འཇིགས་མེད་རྣམ་རྒྱལ་དང་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་རྣམ་གཉིས་གདན་འདྲེན་བྱས་ཏེ་ཉེ་ཆར་འཚོགས་པའི་ཐེ་ཝན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་བགྲོ་གླེང་སྐབས་༡༡་པའི་བརྗོད་གཞི་དང་ཐག་གཅོད་སོགས་ཀྱི་ཐད་བགྲོ་གླེང་ཞུས།
ལེ་ཚན།
-
སྤྱི་ཟླ་བཅུ་གཅིག་པ། ༢༢།༢༠༢༤
ཀུན་གླེང་ཐད་གཏོང་། ༢༠༢༤ ཟླ ༡༡ ཚེས ༢༢
-
སྤྱི་ཟླ་བཅུ་གཅིག་པ། ༢༡།༢༠༢༤
ཀུན་གླེང་ཐད་གཏོང་། ༢༠༢༤ ཟླ ༡༡ ཚེས ༢༡
-
སྤྱི་ཟླ་བཅུ་གཅིག་པ། ༢༠།༢༠༢༤
ཀུན་གླེང་ཐད་གཏོང་། ༢༠༢༤ ཟླ ༡༡ ཚེས ༢༠
-
སྤྱི་ཟླ་བཅུ་གཅིག་པ། ༡༩།༢༠༢༤
ཀུན་གླེང་ཐད་གཏོང་། ༢༠༢༤ ཟླ ༡༡ ཚེས ༡༩
-
སྤྱི་ཟླ་བཅུ་གཅིག་པ། ༡༨།༢༠༢༤
ཀུན་གླེང་ཐད་གཏོང་། ༢༠༢༤ ཟླ ༡༡ ཚེས ༡༨
-
སྤྱི་ཟླ་བཅུ་གཅིག་པ། ༡༥།༢༠༢༤
ཀུན་གླེང་ཐད་གཏོང་། ༢༠༢༤ ཟླ ༡༡ ཚེས ༡༥