༄༅།། ཨ་མི་རི་ཀའི་ནང་ཉེ་དུས་བྱས་པའི་སྲིད་འཛིན་གྱི་འོས་བསྡུའི་ནང་མང་མོས་མང་མོས་འདེམས་ཐོན་བྱུང་བ་ཌོ་ནཱལ་ཊྲམ་གྱིས་འོས་བསྡུའི་དྲིལ་བསྒྲཌ་ལས་འགུལ་གྱི་སྐབས་ཐེ་ཝེན་གྱིས་གློད་ཀླད་གྱི་ཡོ་ཆས་ཅིབ་བཟོ་འདོན་བྱེད་པའི་ལས་ཀ་མང་པོ་ཐེ་ཝན་གྱི་བཟོ་ལས་ཁང་གིས་རྐུ་ཁྱེར་བྱས་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་ལྟར། ཐེ་ཝན་ས་གནས་ཀྱིས་ཌོ་ནཱལ་ཊྲམ་ལ་ངོ་བསྟོད་བྱ་རྒྱུར་ཨ་མི་རི་ཀ་ནས་དྲག་ཆས་གོ་མཚོན་ཁྱོན་ཆེ་ཉོ་བསྒྲུབ་བྱ་རྒྱུའི་བསམ་བློ་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག
ཊྲམ་གྱིས་རང་ཉིད་ཀྱི་སྲིད་འཛིན་ལས་དུས་དང་པོའི་སྐབས་ཐེ་ཝེན་ལ་གུ་བཤང་ཕྲན་བུ་བྱས་ཡོད་རུང་། ཉེ་ལམ་ཁོ་པས་སྲིད་འཛིན་གྱི་འོས་བསྡུའི་དྲིལ་བསྒྲཌ་ལས་འགུལ་བྱེད་པའི་སྐབས་ཐེ་ཝན་གྱིས་ཨ་མི་རི་ཀའི་ལས་མི་ཚོའི་འཚོ་རྟེན་ལས་ཀ་མང་པོ་ཐེ་ཝན་གྱིས་རྐུ་འཁྱེར་བྱས་པ་དང་། ཐེ་ཝན་གྱིས་རང་ཉིད་སྲུང་སྐྱོབ་བྱ་རྒྱུར་འགྲོ་གྲོན་མང་ཙམ་བཏང་དགོས་པའི་དགོས་འདུན་སྟོན་ཡོད་པ་རེད། ཊྲམ་གྱིས་རྒྱ་ནག་དང་མཉམ་དུ་འཐབ་འཛིངས་བྱ་རྒྱུར་ཐེ་ཝན་བེད་སྤྱོད་བྱེད་སྲིད་པའི་འཇིགས་སྣང་བྱུང་ཏེ། ཐེ་ཝན་གྱིས་ཊྲམ་ལ་ངོ་བསྟོད་བྱེད་འདོད་ཡོད་པའི་རྣམ་འགྱུར་བསྟན་ཡོད་ཅིང་། ཨ་རིའི་སྲིད་འཛིན་བྷ་ཡེ་ཌེན་མཆོག་གིས་རྒྱལ་ཁབ་འདྲ་མིན་གྱི་མཐུན་ཚོཌ་བཟོས་གནང་རྒྱུར་ཤུགས་གནོན་སྐྱོན་གནང་ཡོད་རུང་། ཊྲམ་གྱིས་དེ་ལས་ལྡོག་ཏེ་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་བའི་ཐོག་ཤུགས་གནོན་ཆེ་བ་སྐྱོན་གྱི་ཡོད་པ་རེད།
ཊྲམ་གྱིས་ཐེ་ཝན་གྱིས་རང་ཉིད་སྲུང་སྐྱོབ་བྱ་རྒྱུར་འགྲོ་གྲོན་མང་ཙམ་བཏང་དགོས་པའི་དགོས་འདུན་སྟོན་གནང་ཡོད་པ་དེ་ནི། ཁོང་གིས་ཨ་མི་རི་ཀའི་མཐུན་ཕྱོཌ་ཡུལ་ཁག་ཚོས་འགྲོ་གྲོན་མང་ཙམ་བཏང་དགོས་པའི་དགོས་འདུན་སྟོན་གནང་གི་ཡོད་པའི་ཆ་ཤས་ཤིག་ཡིན་པ་དང་། ཁོང་གིས་བྱང་མཚོ་ཨེཊ་ལན་ཊིག་དམག་མཐུན་ཕྱོཌ་ཀྱི་ཡུལ་ཁག་ཚོས་རང་ཉིད་ཀྱི་འཐུས་མིའི་འཐུ་ཆ་རྒྱལ་ཁབ་སཽའི་ལོ་རེེའི་ཡོངས་འབབ་ཀྱི་བརྒྱ་ཆ་གཉིས་ཡིན་པ་དེ་ངེས་པར་དུ་བསྒྲུབ་དགོས་པའི་དགོས་འདུན་སྟོན་གནང་གི་ཡོད་པ་རེད།
གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་བྱས་ན། ཐེ་ཝན་གྱིས་ཨ་མི་རི་ཀའི་མཚོ་དམག་གི་གསོ་ལྟའི་ཆེས་ཐོན་གསར་གྱི་འཕྲུལ་ཆས་ཨེ་ཇི་ཟེར་བ་དང་། མྱུར་མགྱོཌ་འཁྲུག་འཛིངས་གནམ་གྲུ་འི་རིགས་ཁག་ཅིག་དང་། དགྲ་ཕྱོཌ་ཀྱི་གནམ་གྲུ་གཏོར་བྱེད་མེ་ཤུགས་འཕུར་མདའི་རིགས་ཉོ་བསྒྲུབ་བྱ་རྒྱུར་ཊྲམ་གྱི་ལས་བྱེད་དང་ཐེ་ཝན་གྱི་དཔོན་རིགས་ཚོའི་དབར་གྲོས་མོལ་བྱེད་རྒྱུ་འགོ་འཛུཌ་བྱས་ཡོད་པ་དང་། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་ལིན་གྱིས་བདུན་ཕྲག་སྔོན་མ་གཏམ་བཤད་ཅིག་བྱེད་པའི་སྐབས་ཊྲམ་གྱིས་ཨ་མི་རི་ཀ་ཡང་བསྐྱར་ཆེན་པོ་བཟོ་རྒྱུའི་འཆར་གཞིའི་ནང་ཨ་མི་རི་ཀ་དང་ཐེ་ཝན་གཉིས་ཀྱིས་ཚོང་འབྲེལ་མུ་མཐུད་བྱ་རྒྱུ་དེ་གལ་ཆེ་རེད་ཅེས་གསུངས་ཡོད་པ་དང་། ཐེ་ཝན་གྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ཆེན་མོ་ལེན་གྱིས་གཏམ་བཤད་ཅིག་གནང་བའི་སྐབས་ “ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གཞོན་པའི་གཏམ་བཤད་དེ་ནི། དགུང་ལོ་༧༨ལ་ཕེབས་པ་སྐུ་ཞབས་ཊྲམ་གྱི་སྙན་ལྕོག་ལ་གླུ་དབྱངས་ལྟ་བུ་ཞིག་ཡིན་རུང་། ཡིན་ན་ཡང་། ཁོང་གི་ཐུཌ་གཤིས་དེ་ནི་བརྗོད་དཀའ་བ་ཞིག་ཡོད་པས་ཁོང་གི་ཐུགས་ལ་བབས་ཀྱི་ཡོད་མེད་བརྗོད་དཀའ་བ་ཞིག་རེད། ང་ཚོ་ད་ལྟ་གཏིང་དཔག་དཀའ་བའི་ཆུ་བོའི་ནང་བརྐྱལ་བརྒྱབས་ཀྱི་ཡོད་པ་ནང་བཞིན་རེད། ཐེ་ཝན་ནི་བླ་མས་དྲིལ་བུ་གར་བཞག་ཟེར་བའི་དཔེ་བཞིན་ཊྲམ་གྱིས་ག་རེ་བྱེད་བྱེད་ཅིག་རེད་”གསུངས་འདུག
ཡང་སིང་གྷ་པུར་གྱི་རྒྱལ་ཡོངས་གཙུག་ལག་ཁང་གི་དགེ་རྒན་ཅོང་གིས་གཏམ་བཤད་ཅིག་བྱེད་པའི་སྐབས་ ཊྲམ་གྱིས་ཐེ་ཝན་གྱི་ཐོག་སྣང་བ་གང་དྲན་གྱི་སྲིད་བྱུས་ཤིག་ལག་བསྟར་བྱས་པ་ཡིན་ན་ཡང་། ཁོང་གི་ སློབ་སྟོན་པ་དང་། ཨ་རིའི་རྒྱལ་ཡོངས་གྲོས་ཚོཌ་དང་། སྲུང་སྐྱོབ་ལས་ཁང་ཚོས་སློབ་སྟོན་གནང་སྟེ་ཁོང་གིས་རང་ཉིད་ཀྱི་སྲིད་བྱུས་དེ་ཚོར་འགྱུར་བ་བཏང་གནང་དགོས་པ་ཞིག་ཀྱང་ཆགས་ཀྱི་རེད་ཅེས་གསུངས་འདུག
གླེང་སྟེགས།