སི་རི་ཡས་ཨི་སི་རལ་གྱི་དམག་དཔུང་གཏན་སྡོད་བྱ་སྲིད་པའི་བློ་འཚབ།
ན་ནིང་ལོའི་སྤྱི་ཟླ་༡༢ པའི་ནང་ཨི་སི་རལ་གྱི་དམག་དཔུང་སི་རི་ཡར་འཛུལ་ཏེ། གྲོང་ཁྱེར་སོགས་ས་ཁུལ་ཁག་ཅིག་བཙན་བཟུང་བྱས་ཤིང་། ཨི་སི་རལ་གྱི་བཙན་བཟུང་འོག་ཚུད་ཡོད་པའི་སི་རི་ཡའི་མི་ཚོས་ད་ཆ་ཨི་སི་རལ་གྱི་དམག་དཔུང་ཡུལ་དེར་གཏན་སྡོད་བྱ་སྲིད་པའི་བློ་འཚབ་འོང་བཞིན་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།