ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༡༠/༡༨

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིའི་གཞུང་ལ་ཐུགས་རྗེ་ཆེ་ཞུ་ཆེད་ཨ་རིའི་རྒྱལ་སར་ཕེབས་འབྱོར།


སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིའི་གཞུང་ལ་ཐུགས་རྗེ་ཆེ་ཞུ་ཆེད་ཨ་རིའི་རྒྱལ་སར་ཕེབས་འབྱོར།
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིའི་གཞུང་ལ་ཐུགས་རྗེ་ཆེ་ཞུ་ཆེད་ཨ་རིའི་རྒྱལ་སར་ཕེབས་འབྱོར།

ཨ་རིའི་སྲིད་གཞུང་གིས་བོད་དང་རྒྱ་ནག་དབར་གྱི་དཀའ་རྙོག་སེལ་རྒྱུར་ཁྲིམས་འཆར་ལ་སྲིད་འཛིན་བྷའི་ཌན་གྱིས་ཉེ་དུས་མཚན་རྟགས་བཀྱོན་ནས་ཨ་རིའི་ཁྲིམས་སུ་གྱུར་བ་དེར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་གནང་ནས་ཨ་རི་གཞུང་ལ་ཐུགས་རྗེ་ཆེ་ཞུ་ཆེད་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་ཕེབས་འབྱོར་གནང་འདུག

དེ་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཁེ་ཎེ་ཌའི་ནང་གཟིགས་བསྐོར་ལེགས་གྲུབ་བྱུང་རྗེས་རེས་གཟའ་ཟླ་བའི་ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་ཕེབས་འདུག་པ་དང་།

རེས་གཟའ་ཕུར་བུའི་ཉིན་ཨ་རིའི་གྲོས་ཚོགས་ཁང་དུ་གྲོས་ཚོགས་གོང་འོག་གཉིས་གཙོ་བོར་བྱས་པའི་ཨ་རིའི་སྲིད་འཛིན་དང་གཞུང་དམངས་གཉིས་་ཐུགས་རྗེ་ཆེ་ཞུ་རྒྱུའི་དམིགས་བསལ་མཛད་རིམ་ཞིག་གོ་སྒྲིག་གནང་གི་འདུག་པ་དང་།

ཤེས་རྟོགས་བྱུང་བར་གཞིགས་ན་རེས་གཟའ་ཕུར་བུའི་སྔ་དྲོ་ཨ་རིའི་གྲོས་ཚོགས་ཀྱི་ལྟབསྐོར་དང་འགྲེམས་སྟོན་ཁང་དུ་ཨ་རིའི་གྲོས་ཚོགས་གཙོས་ཨ་རིའི་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་ཆེད་ཀྱི་མཛད་རིམ་ཞིག་གོ་སྒྲིག་གནང་གི་འདུག་པ་དང་། དེར་ཁྲིམས་འཆར་དེ་འགོ་འདོན་གནང་མཁན་གྲོས་ཚོགས་གོང་འོག་གི་འཐུས་མི་དང་དེ་མིན་འབྲེལ་ཡོད་གནད་ཡོད་མི་སྣ་མང་པོ་མཉམ་ཞུགས་གནང་གི་ཡོད་པའི་གནས་ཚུལ་འདུག ཐུགས་རྗེ་ཆེ་ཞུའི་མཛད་རིམ་དེ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཀྱིས་གོ་སྒྲིག་གནང་གི་འདུག

གསར་འགོད་པ། བསྟན་འཛིན་ལྷུན་གྲུབ།

གླེང་སྟེགས།

XS
SM
MD
LG