ཧྥིན་ལན་ཌིའི་རྒྱལ་མཚམས་ཉེ་སར་ཨུ་རུ་སུས་འཕུར་མདེལ་འཇོག་འཆར།
ཧྥིན་ལན་ཌིའི་ས་མཚམས་འཁྲིས་ལ་ཨུ་རུ་སུས་མེ་ཤུགས་འཕུར་མདེལ་འགྲེམས་འཇོག་བྱེད་འཆར་ཡོད་པ་ཨུ་རུ་སུའི་གསར་ལམ་ནང་ལ་གནས་ཚུལ་ཐོན་དང་། ཉམས་ཞིབ་པ་རྣམས་ཀྱིས་དེ་ནི་སྔ་ལོར་ཧྥིན་ལན་ཌི་ནི་ནུབ་ཆིངས་སྒྲིག་འཛུགས་ནང་འཛུལ་ཞུགས་བྱས་པ་ནས་བཟུང་ཨུ་རུ་སུས་དམག་དང་འབྲེལ་བའི་ཉེན་བརྡ་རིམ་པར་བཏང་པ་ནས་གསར་ཤོས་དེ་རེད་ཅེས་བརྗོད་འདུག