རུ་བྷི་ཡོ་ཡིས་ཧ་མ་སི་རྩ་མེད་གཏོང་དགོས་ཞེས་བརྗོད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི ཡོ་ཡིས་ཧ་མ་སི་ངེས་པར་དུ་རྩ་མེད་བཟོ་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད། ཁོང་གིས་སྲིད་འཛིན་ཌོ་ནལ་ཊམ་གྱི་ཧ་མ་སི་ཡི་ཤུགས་རྐྱེན་མེད་པའི་གྷ་ཛ་ཞིག་གི་འཆར་སྣང་དེ་བསྐྱར་བརྗོད་གནང་བཞིན་དུ་ཨི་སི་རལ་གྱི་སྲིད་བློན་བྷན་ཅ་མཱིན ནེ་ཐན་ཡ་ཧུ་དང་མཇལ་འཕྲད་གྲོས་མོལ་གནང་ཡོད་པ་རེད།