ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

རྒྱ་གར་རྒྱལ་ཡོངས་སུ་རྒྱ་ནག་གི་ཅ་དངོས་མཚམས་འཇོག་གི་ལས་འགུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་མིའི་དམག་མིས་རྒྱ་གར་གྱི་ས་མཚམས་ས་ཚིགས་སུ་བཙན་འཛུལ་དང་། ལྷག་པར་དུ་ཟླ་འདིའི་ཕྱི་ཚེས ༡༥ཉིན་རྒྱ་མིའི་དམག་མི་ཡིས་རྒྱ་གར་གྱི་དམག་མི་༢༠ཐམ་པ་བསད་པའི་དོན་རྐྱེན་དེ་བྱུང་རྗེས་རྒྱ་གར་མང་ཚོགས་ཁྲོད་རྒྱ་ནག་གཞུང་ལ་ངོ་རྒོལ་དང་མི་དགའ་བའི་རྣམ་འགྱུར་ཤུགས་ཆེན་པོ་ཐོན་དང་ཐོན་བཞིན་འདུག་པ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གི་ཐེངས་འདིའི་བྱ་སྤྱོད་དེའི་རྐྱེན་པས་འདས་པའི་ཉིན་ཤས་ནང་རྒྱ་གར་ནང་རྒྱ་མིའི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་པའི་ལས་འགུལ་ཤུགས་ཆེ་ཞིག་སྤེལ་བཞིན་འདུག

XS
SM
MD
LG