ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

ཧེ་རིས་ལ་རྒྱབ་སྐྱོར་གྱི་སྤྲོ་བ་འཕེལ་ཞིང་ཊམ་གྱི་ཁ་ཕྱོགས་སྐྱོ་རུ་འགྲོ་བ་དེས་མཐའ་མ་གང་བྱེད་སྲིད།


ཧེ་རིས་ལ་རྒྱབ་སྐྱོར་གྱི་སྤྲོ་བ་འཕེལ་ཞིང་ཊམ་གྱི་ཁ་ཕྱོགས་སྐྱོ་རུ་འགྲོ་བ་དེས་མཐའ་མ་གང་བྱེད་སྲིད།
ཧེ་རིས་ལ་རྒྱབ་སྐྱོར་གྱི་སྤྲོ་བ་འཕེལ་ཞིང་ཊམ་གྱི་ཁ་ཕྱོགས་སྐྱོ་རུ་འགྲོ་བ་དེས་མཐའ་མ་གང་བྱེད་སྲིད།

ཨ་རིའི་ནང་ད་ཆ་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་རྣོ་ངར་ལྡན་པར་བྱེད་བཞིན་པ་དང་ཕྱོགས་མཚུངས་འོས་མི་གཉིས་ཀྱིས་མང་ཚོགས་ལ་གཏམ་བཤད་གནང་བའི་ནང་དོན་དང་རྣམ་འགྱུར་ནི་ཐ་དད་ཡིན་པ་དེས་འོས་བསྡུར་དོ་སྣང་བྱེད་མཁན་དང་འོས་བསྡུའི་གྲུབ་འབྲས་ལ་ཁྱད་པར་བཟོ་མིན་ཐད་གསར་འགྱུར་ལས་ཁང་ཚོས་དཔྱད་པ་བྱས་འདུག་པ་དང་། གཟའ་འཁོར་སྔོན་མའི་གཟའ་ཕུར་བུའི་ཉིན་སྲིད་འཛིན་ཟུར་པ་ཊམ་གྱིས་ཁོང་གི་ཞུགས་གནས་མཱ་ར་ལ་གོའི་ནང་གསར་འགོད་ལྷན་ཚོགས་འདུ་བསྐོང་ཐོག་གཏམ་བཤད་གནང་སྟེ་ད་ཆ་ཨ་རིའི་ནང་དུས་ངན་མང་པོ་ཞིག་འཆར་ཉེན་དང་། ཨ་རིའི་དཔལ་འབྱོར་ནི་དེ་སྔ་ཕྱི་ལོ་༡༩༢༩ལོར་བྱུང་བའི་རྗེས་ཆེས་མུན་ནག་གི་དུས་ཤིག་མཐོང་རྒྱུ་ཡིན་པའམ། ཡང་ན་འཛམ་གླིང་དམག་ཆེན་གཞན་ཞིག་ཀྱང་ལངས་སྲིད་པའི་ཉེན་ཁ་འདུག་པས་ད་ཆ་ང་ཚོའི་རྒྱལ་ཁབ་ནི་དཔལ་འབྱོར་དང་བདེ་འཇགས་གང་ཅིའི་ཐད་ཆེས་ཉེན་ཁའི་གནས་སུ་ལྷུངས་འདུག་ཅེས་གསུངས་འདུག

ཡང་ཁོང་གིས་མང་ཚོགས་ལ་གཏམ་བཤད་གཞན་ཞིག་གི་ནང་ཀ་མ་ལ་ ཧེ་རེས་ལ་འོས་ཤོག་ཐོབ་པ་ཡིན་ཚེ་ང་ཚོར་རྒྱལ་ཁབ་མེད་པ་ཆགས་ཀྱི་རེད་ཅེས་དང་། ང་ཚོའི་རྒྱལ་ཁབ་ནང་ཕྱི་རྒྱལ་གྱི་མི་ངན་རུ་ཚོགས་འཛུལ་ཞུགས་བྱེད་འཇུག་གི་རེད་ཅེས་དང་། ཡང་འཚམས་རེ་ཧེ་རེས་ཡིས་ང་ཚོའི་རྒྱལ་ཁབ་གཏོར་གཤིག་གཏོང་གི་རེད་ཅེས་སོགས་གསུངས་པ་མ་ཟད། ཁོང་གིས་ཁ་གཏད་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཀ་མ་ལ་ ཧེ་རེས་དང་ཁོང་གིས་བདམས་པའི་སྲིད་འཛིན་གཞོན་པའི་འོས་མི་ཀྲིམ་ ཝོལྫ་གཉིས་ལ་མིང་ངན་བཏགས་པ་དང་འཕྱ་སྨོད་དང་འབྲེལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད། དེ་བཞིན་ཊམ་གྱིས་བདམས་པའི་སྲིད་འཛིན་གཞོན་པའི་འོས་མི་ཇེ་ཌི་ཝེནྶ་ཡིས་ཀྱང་སྐྱོན་བརྗོད་དང་ཚིག་ངན་གཅིག་མཚུངས་ཤིག་བགྲངས་ཡོད།

ལྕམ་ཧེ་རེས་དང་ཁོང་གི་ཕྱག་སྦྲེལ་སྲིད་འཛིན་གཞོན་པའི་འོས་མི་ཝོལྫ་གཉིས་ཀྱིས་འོས་བསྡུའི་དྲིལ་བསྒྲགས་འགོ་འཛུགས་གནང་བ་ནས་བཟུང་མང་ཚོགས་ལ་དགའ་སྤྲོའི་ཚོར་སྣང་གསར་པ་གཅིག་བྱུང་ནས་ཨ་རི་འདི་བཞིན་ཆབ་འབངས་ལ་གོ་སྐབས་བཟང་ཞིང། དཔལ་འབྱོར་གནས་སྟངས་གང་ལེགས་ཡོད་པ་མ་ཟད། ཁོང་རྣམ་པ་གཉིས་ལ་ད་ལོའི་ཕྱི་ཟླ་བཅིུག་པའི་ཚེས་ལྔའི་ཉིན་གྱི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་སྟེ་ཕོ་བྲང་དཀར་པོའི་ནང་ཕེབས་ཐུབ་ཚེ་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་དང་སྤྱི་དམངས་བདེ་དོན། ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་བསྐྲུན་རྒྱུའི་ཚོན་པའི་སྤྱི་ཚོགས་ནང་ཕན་ཚུན་བྱམས་པ་དང་བརྩེ་བའི་སྒོ་ནས་གཅིག་ཕན་གཅིག་རོགས་ཀྱི་འདུ་ཤེས། བརྟན་ལྷིང་ངང་ཞི་བདེ་བག་ཕེབས་ཡོང་བ་བྱ་རྒྱུ་ཡིན་ཞེས་ཁས་ལེན་གནང་སྟེ་སྤྲོ་སྣང་འཕེལ་བའི་རེ་བའི་ཚོར་སྣང་བསྐྲུན་ཡོད། དེ་དང་ཕྱོགས་མཚུངས་ཧེ་རེས་ཡི་འོས་སྡུའི་དྲིལ་བསྒྲགས་སྐབས་སུའང་སྐུ་ཞབས་ཊམ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ཚེ་མང་གཙོ་གཏོར་གཤིག་གཏོང་གི་རེད་ཅེས་གསལ་སྟོན་གནང་བ་དང་འབྲེལ་ཊམ་གྱི་ཕྱོགས་གཏོགས་ཀྱི་འདོན་སྤེལ་བྱས་པའི་ཕྱི་ལོ་༢༠༢༥ལོའི་ལས་གཞི་ཅེས་པ་དེ་འབུར་སྟོན་བྱས་ཏེ་དེའི་ནང་ཨ་རིའི་ཤེས་རིག་ལས་ཁུངས་མཁོ་བསྡུ་བྱ་རྒྱུའི་མཚོན་གཞུང་དང་སྒེར་མང་པོ་ཞིག་ལ་གནོད་སྐྱོན་དོ་ཕོག་བཟོ་བའི་ལས་འཆར་ཞིག་རེད་ཅེས་གསུངས་ནས་སྐུ་ཞབས་ཊམ་དང་ཁོང་གི་ཕྱག་སྦྲེལ་ཝེནྶ་གཉིས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད།

དེའི་བར་ན་སྐུ་ཞབས་ཊམ་གྱི་འོས་བསྡུའི་དྲིལ་བསྒྲགས་ལས་བྱེད་ཚོས་སྐུ་ཞབས་ཊམ་གྱིས་རྒྱལ་ཁབ་ཀྱི་གནས་སྟངས་ཐོག་གསུངས་པ་རྣམས་དངོས་ཡོད་གནས་སྟངས་འཐེར་འདོན་བྱས་པ་ཞིག་ཆགས་ཀྱི་ཡོད་ཅེས་བརྗོད་དེ་དག་སེལ་བྱེད་ཀྱི་པ་རེད།

ཨ་རི་རླུང་འཕྲིན་ཁང་གི་གསར་ཁང་ལས་བཏུས།

གསར་འགོད་པ། པདྨ་བདེ་ཆེན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG