ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༢/༢༥

ཆབ་སྲིད་བཙོན་ཟུར་ཚེ་རིང་བག་གྲོ་འདས་གྲོངས།


ཆབ་སྲིད་བཙོན་ཟུར་ཚེ་རིང་བག་གྲོ་འདས་གྲོངས།
ཆབ་སྲིད་བཙོན་ཟུར་ཚེ་རིང་བག་གྲོ་འདས་གྲོངས།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། བོད་ཀྱི་ཆབ་སྲིད་བརྩོན་ཟུར་ཚེ་རིང་བག་གྲོ་ལགས་ནི་ལྷ་ས་གྲོང་ཁྱེར། མལ་གྲོ་གུང་དཀར་རྒྱ་མ་ཤང་ནས་ཡིན་ཞིང་། ཆུང་དུས་ལྷ་སའི་ཤར་ཕྱོགས་ཆགས་པའི་དགའ་ལྡན་དགོན་དུ་ཆོས་ཞུགས་ཀྱིས་ནང་བསྟན་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་ཁག་མགོ་བརྩམས། ལོ་རབས་༩༠་པའི་ནང་དུ་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ལ་རྒྱལ་གཅེས་ཆོས་གཅེས་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་གཏོང་བའི་ལས་འགུལ་རྒྱ་ཆེན་ཞིག་སྤེལ། བོད་ཀྱི་རིས་མེད་དགོན་སྡེ་ཁག་ཏུ་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་མི་ཆོག་པ་སོགས་ཀ་ཛ་དྲག་གི་གནས་སྟངས་འོག་ཏུ་ཚེ་རིང་བག་གྲོ་དམ་པ་དེ་ཉིད་དང་རོགས་པ་འགའ་ཞིག་གིས་སྤྱི་ལོ་༡༩༩༢་ལོའི་ཕྱི་ཟླ་༦་ཚེས་༡༠་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་ངོ་རྒོལ་ཀྱི་ལས་འགུལ་སྤེལ་ནས་ལག་ཏུ་བོད་ཀྱི་རྒྱལ་དར་འཕྱར་བཞིན་བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕྱིར་འབུད་བྱ་དགོས། བོད་ཀྱི་བདག་པོ་བོད་མི་ཡིན་ཞེས་ངོ་རྒོལ་བྱས་འདུག་པར་མ་ཟད། རྒྱལ་དབང་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་བྱས་འདུག དེར་བརྟེན་ཁོ་ཚོ་འཕྲལ་དུ་རྒྱ་ནག་གཞུང་གིས་སྤྱི་བདེ་ཉེན་རྟོག་པ་མངགས་གཏོང་གིས་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་རེད།།

ཁོང་ཚོར་ལམ་བར་དུ་ཉེས་རྡུང་སྣ་ཚོགས་གཏོང་བཞིན་ལྷ་སའི་དགུ་ཚ་བཙོན་ཁང་དུ་བཀག བཙོན་ཁང་གི་འཁོར་ཡུག་དང་ཆ་རྐྱེན་ཧ་ཅང་ཞན་པོ་ཡིན་པ་སྟེང་དུ་ཟས་བཅུད་མི་འདང་བ་དང་རྟག་ཏུ་ཞི་དྲག་གི་རྣམ་པའི་ཐོག་ཏུ་འདྲི་རྩད་བྱས་ནས་ལུས་སེམས་གཉིས་ལ་མནར་གཅོད་ཅི་འདྲ་ཕོག་ཡོད་མེད་ནི་བོད་ཀྱི་ཆབ་སྲིད་བཙོན་པ་ཚོས་མྱོང་བ་ལས་ཤེས་རྟོགས་ཐུབ། མཐར་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལོ་༨་ཀྱི་བཙོན་འཇུག་གི་ཁྲིམས་ཐག་བཅད། ལོ་གཉིས་ལ་ཆབ་སྲིད་ཀྱི་དབང་ཆ་འཕྲོག སྤྱི་ལོ་༡༩༩༢་ལོའི་ཕྱི་ཟླ་༡༡་པར་ལྷ་སའི་གྲྭ་བཞི་བཙོན་ཁང་དུ་བཅུག སྤྱི་ལོ་༢༠༠༠་ལོའི་ཕྱི་ཟླ་༦་ཚེས་༩་ཉིན་དུས་བཀག་བཙོན་འཇུག་གི་ལོ་དུས་རྫོགས་ནས་བཙོན་བཀྲོལ་ཐོབ། ཚེ་རིང་བག་གྲོ་དམ་པ་དེ་ཉིད་བཙོན་ཁང་ནས་གློད་བཀྲོལ་ཐོབ་པའི་རྗེས་སུའང་རྒྱ་གཞུང་གི་འབྲེལ་ཡོད་མི་སྣས་རྟག་ཏུ་ལྟ་སྲུང་བྱས་ནས་འཚོ་གནས་བྱ་དགོས་བྱུང་ཡོད་ཅིང་། མཐར་སྤྱི་ལོ་༢༠༢༠་ལོའི་ཟླ་༤་པའི་ཚེས་༢༦་ཉིན་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

XS
SM
MD
LG