ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༧/༠༧

༧གོང་ས་མཆོག་ལ་སྡེ་ཁག་གསུམ་ཐུང་མོང་གིས་བརྟན་བཞུགས་བསྟར་འབུལ་ཞུས་གནང་བ།


༧གོང་ས་མཆོག་ལ་སྡེ་ཁག་གསུམ་ཐུང་མོང་གིས་བརྟན་བཞུགས་བསྟར་འབུལ་ཞུས་གནང་བ།
༧གོང་ས་མཆོག་ལ་སྡེ་ཁག་གསུམ་ཐུང་མོང་གིས་བརྟན་བཞུགས་བསྟར་འབུལ་ཞུས་གནང་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་། སྐུ་སྲུང་ཟུར་པའི་མཐུན་གྲོགས་བཅས་ཐུན་མོང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དེ་རིང་ཕྱི་ཟླ་ ༦ ཚེས་ ༡༡ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་རྡོ་རྗེ་སློབ་དཔོན་མཛད་དེ་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་། སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་སྩལ་གནང་བའི་ནང་། བོད་ཀྱི་གནས་སྟངས་དཀའ་ངལ་ཆེ་བའི་སྐབས་འདིར་ལྷ་མོའི་ལུང་བསྟན་བཞིན་མགོན་པོ་གང་ཉིད་དགུང་གྲངས་བརྒྱ་དང་བཅུ་ཕྲག་གི་བར་དུ་བོད་བསྟན་སྲིད་ཀྱི་ཆེད་བཞུགས་གནང་རྒྱུའི་བཀའ་བཞེས་བཟང་པོ་ཕེབས་གནང་དང་སྦྲགས།

Former Staff of CTA Offered Long Life Prayer to the Dalai Lama
Former Staff of CTA Offered Long Life Prayer to the Dalai Lama

དེ་དང་ཕྱོགས་མཚུངས་མགོན་པོ་མཆོག་ནས་རྒྱུན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་གྱི་མཐིལ་དུ་མཛད་བཞིན་པ་ལྟར། ཆོས་གྲོགས་ཚོས་ཀྱང་དེ་ལྟར་གནང་ཐུབ་ན། སངས་རྒྱས་དགྱེས་པའི་མཆོད་པ་ཡང་དེ་ཡིན་པ་དང་། བོད་པའི་སྤྱི་དོན་ལ་ལང་ཕན་ཐོགས་ཡོད་པ། བརྟན་བཞུགས་ཀྱི་བསྒྲུབ་པ་ཡག་ཤོས་ཀྱང་འདི་ཡིན་པ་བཀའ་སྩལ་གནང་སོང་།

༧གོང་ས་མཆོག་ལ་སྡེ་ཁག་གསུམ་ཐུང་མོང་གིས་བརྟན་བཞུགས་བསྟར་འབུལ་ཞུས་གནང་བ།
༧གོང་ས་མཆོག་ལ་སྡེ་ཁག་གསུམ་ཐུང་མོང་གིས་བརྟན་བཞུགས་བསྟར་འབུལ་ཞུས་གནང་བ།

གཞི་རྩའི་ད་རེས་ཀྱི་བརྟན་བཞུགས་འབུལ་མིའི་ཁོངས་སུ་རྒྱ་གར་དང་བལ་ཡུལ་གྱིས་གཙོས། འབྲུག་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གང་ས་ནས་བཀའ་ཟུར་དང་ཁྲིམས་ཞིབ་པ་ཆེ་བ་ཟུར་པ། འོས་བསྡུའི་འགན་འཛིན་ཟུར་པ་སོགས་མཛད་གཙོ་ཟུར་པ་ ༣༠ ཙམ་གྱིས་གཙོས་ཁྱོན་གཞུང་ཞབས་ཟུར་པ་སུམ་བརྒྱའི་འབྲེལ་ཡོད་ནང་མི་དང་བཅས་པ་མི་གྲངས་བརྒྱད་བརྒྱ་ལྷག་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགོ་ལས་ལྔ་བརྒྱ་ལྷག སྐུ་སྲུང་ཟུར་པ་ཉི་བརྒྱ་བརྒྱད་ཅུ་བརྒལ་བ་བཅས་ཆེད་དུ་བཅར་གནང་ཡོད་འདུག་ལ། དམིགས་བསལ་སྐུ་སྲུང་ཟུར་པའི་བརྟན་བཞུགས་འབུལ་མིའི་ཁོངས་སུ་དེ་སྔ་ལྔ་བཅུ་ང་དགུའི་ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཆིབས་ཞལ་བསྒྱུར་སྐབས་ཀྱི་ལྷན་བཅར་སྐུ་སྲུང་བ་བགྲེས་སྲོང་བཞི་ཡང་ཆེད་བཅར་ཞུས་གནང་ཡོད་པ་རེད་འདུག

གླེང་སྟེགས།

XS
SM
MD
LG