ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༢༤

མྱ་ངན་ནང་ལྷུང་བའི་ཡུ་ཀེ་རན་ལ་སྨན་ཁང་བསྐྱར་གསོའི་ཆེད་ཞལ་འདེབས།


ཡུ་ཀེ་རན་གྱི་བྱིས་པའི་སྨན་ཁང་་འཛུགས་བསྐྲུན་བསྐྱར་གསོའི་ཆེད་རེས་གཟའ་མིག་དམར་གྱི་ཉིན་ཞལ་འདེབས་འབོར་ཆེན་འབྱོར་འདུག་ཅིང་། དེ་ནི་རེས་གཟའ་ཟླ་བའི་ཉིན་ཨུ་རུ་སུས་ཡུཀེ་རན་གྱི་རྒྱལ་ས་ཀིཝ་དང་གྲོང་ཁྱེར་གཞན་ལ་མེ་ཤུགས་འཕུར་མདེལ་གྱི་རྒོལ་བརྡུང་བྱས་ནས་མི་གྲངས་ ༤༡ བསད་པར་མྱ་ངན་བྱེད་བཞིན་པའི་སྐབས་འདིར་བྱུང་བ་ཞིག་ཡིན་པ་རེད།

རྒྱལ་ཚོགས་ཀྱི་འགྲོ་བ་མི་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་དབུ་་ཁྲིད་ཀྱིས་རེས་གཟའ་ཟླ་བའི་ཉིན་ཡུ་ཀེ་རན་གྱི་སྨན་ཁངཨོཀ་མཏ་ཌིཏ་གཏོར་རྒོལ་བྱས་པ་དེ་ནི་ཨུ་རུ་སིའི་མེ་ཤུགས་འཕུར་མདེལ་གྱིས་གཏོར་རྒོལ་བྱས་ཡོད་སྲིད་པ་རེད་ཅེས་གསུངས་འདུག་ཀྱང་། ཨུ་རུ་སུས་སྨན་ཁང་ལ་རྒོལ་བརྡུང་དེ་ནི་ཡུཀེ་རན་གྱི་མེ་ཤུགས་འཕུར་མདེལ་འགོག་སྲུང་འཕྲུལ་ཆས་བཏང་བ་ལས་བྱུང་བ་རེད་ཅེས་བཤད་པ་ལས་དེ་ལ་ཁུངས་སྐྱེལ་དཔང་རྟགས་གང་ཡང་གསལ་སྟོན་བྱས་མི་འདུག

རེས་གཟའ་མིག་དམར་གྱི་སྔ་དྲོ་སྨན་ཁང་ལ་སྲོག་སྐྱོབ་ལས་དོན་མཇུག་སྒྲིལ་བྱས་འདུག ཡུཀེ་རན་གི་རྒྱལ་ས་ཀིཝ་ཀྱི་གྲོང་ཁྱེར་སྲིད་གཞུང་གི་སྤྱི་ཁྱབ་ཀྱིས་ཌེ་ལི་གྷ་རབ་དྲ་རྒྱའི་ཐོག་གནས་ཚུལ་ཞིག་བཀོད་པ་གཞིགས་ན་རྒྱལ་སའི་ས་ཁུལ་གཞན་ཞིག་ཏུ་མི་བཅུ་གཉིས་བསད་འདུག་པ་མ་ཟད། སྡོད་ཁང་གཅིག་ཞིག་རལ་དུ་གྱུར་པའི་ཁྲོད་ནས་བུད་མེད་ཅིག་གི་ཕུང་པོ་བརྙེད་འདུག་ཅེས་འགྲེལ་བརྗོད་འདུག

ཡང་ཡུཀེ་རན་གྱི་སྲིད་འཛིན་ཛི་ལན་ཀིས་ཨ་རིར་ཚོགས་རྒྱུའི་བྱང་ཨཌ་ལན་ཌིག་མའི་དམག་དོན་སྤྱི་ཆིངས་སྒྲིག་འཛུགས་ཀྱི་ཚོགས་འདུར་ཕེབས་ཀྱི་ཡོད་པ་དང་། ཁོང་གིས་སྨན་ཁང་དེའི་ནད་པ་རྣམས་སྨན་ཁང་གཞན་ལ་གནས་སྤོ་བྱས་པ་རེད་ཅེས་གསུངས་འདུག ཚོགས་ཆན་དེར་ཁོང་གིས་མཐུན་ཕྱོགས་རྒྱལ་ཁབ་ཚོར་ཡུཀེ་རན་ལ་མཁའ་དབྱིངས་འགོག་སྲུང་ཀྱི་མཚོན་ཆ་སྔར་བས་མང་བ་ཐོབ་རྒྱུའི་རེ་བ་འདོན་རྒྱུའི་འཆར་བཞིན་ཡོད་པ་རེད།

སྲིད་འཛིན་ཛི་ལན་སི་ཆི་ཡིས་ད་དུང་ང་ཚོས་ཨུ་རུ་སུའི་འཇིགས་སྐུལ་བྱ་སྤྱོད་ལ་འཐབ་འཛིང་བྱས་ནས་ཡུཀེ་རན་གྱི་་གྲོང་ཁྱེར་དང་གྲོང་སྡེ་ཁག་སྲུང་སྐྱོབ་བྱེད་པའི་ལས་དོན་ནུས་ཤུགས་ཆེ་རུ་གཏོང་བཞིན་ཡོད་ཅེས་གསུངས་ཡོད་འདུག

ཡང་ཡུཀེ་རན་གྱི་ལག་ཁྱེར་ཁ་པར་བཟོ་ཚོང་ཁང་ཆེ་ཤོས་ཀིཝ་སི་ཌར་ཞེས་པས་སྨན་ཁང་དེའི་འཛུགས་བསྐྲུན་བསྐྱར་གསོའི་དོན་ཨ་སྒོར་ས་ཡ་བཅུ་ཞལ་འདེབས་སྤྲོད་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་འདུག སྨན་ཁང་གི་འཛུགས་བསྐྲུན་བསྐྱར་གསོའི་ཆེད་ཞལ་འདེབས་ཇི་ཙམ་ཞིག་བྱུང་ཡོད་པའི་གྲངས་ཀ་ད་ལྟའི་འཆར་གསལ་བསྒྲགས་བྱས་མེད་ནའང་ཞལ་འདེབས་སྤྲོད་མཁན་ནི་ཧ་་ཅང་མང་པོ་ཡོང་གི་ཡོད་པ་དང་། སྨན་ཁང་དེར་ཚབས་ཆེའི་གཏོར་རྒོལ་བྱུང་བའི་རྗེས་རྒྱལ་ས་ཀིཝ་ཐེ་བའི་གྲོང་ཁྱེར་གཞན་ཡོངས་ཀྱི་ནང་རྒྱལ་དར་ཕྱེད་ཀ་ཙམ་འཕྱར་ནས་རྒྱལ་ཡོངས་ནང་ཉིན་གཅིག་གི་མྱ་ངན་གུས་འདུད་བྱས་འདུག

གསར་འགོད་པ་རྒྱལ་མཚན་ཚེ་རིང་།

ཞུ་དག་བྱེད་མཁན་རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG