གཟེངས་རྟགས་སྒྲིག་གཤོམ་ལ་མཇལ་སྐལ་སྤྲོད་རྒྱུའི་ལས་གཞི་དབུ་འབྱེད།
༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་གི་གཟེངས་རྟགས་སྒྲིག་གཤོམ་ཁང་རྒྱ་ཆེའི་མི་མང་ལ་སྐབས་དུས་སོ་སོར་མཇལ་རྒྱུའི་གོ་སྐབས་བསྐྲུན་རྒྱུའི་ལས་གཞི་ཞིག་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སུ་དྷིར་ཤཱར་མ་རྣམ་གཉིས་ནས་དབུ་འབྱེད་གནང་སོང་།