ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

བོད་མི་ཚོས་རྒྱ་ནག་གི་འགྲེམས་སྟོན་སྒོ་རྒྱག་ཏུ་བཅུག་པ།


ཨ་མེ་རི་ཀའི་མེན་ནཱེ་སོ་ཌ་གཙུག་ལག་སློབ་གྲྭར་རྒྱ་ནག་གཞུང་ཚབ་ཀྱིས་གོ་སྒྲིག་བྱས་་པའི་བོད་ནང་གི་བོད་མིའི་བདེ་སྐྱིད་དང་རང་དབང་དྲིལ་བསྒྲགས་ཀྱི་དཔར་རིས་འགྲེམས་སྟོན་ཞིག་ཚེས་༢༥་ཉིན་སྒོ་འབྱེད་བྱས་ཏེ་དཔར་རིས་འགྲེམས་སྟོན་དེ་ཉིན་ལྔའི་རིང་བྱ་རྒྱུའི་འཆར་གཞི་ལྟར་ལས་འཆར་ཁྱབ་བསྒྲགས་བྱེད་ཡོད་ཀྱང་། ས་གནས་དེར་གནས་སྡོད་བོད་མི་ཚོས་རྒྱ་ནག་གི་འགྲེམས་སྟོན་བྱེད་སའི་ཁང་མིག་དེའི་ཁ་གཏད་དུ་བོད་ནང་གི་ད་ལྟའི་གནས་བབ་སོགས་མཚོན་པའི་བོད་ཕྱོགས་ཀྱི་དཔར་རིས་འགྲེམས་སྟོན་ཞིག་སྒོ་འབྱེད་བྱས་པ་ལ་སོགས་པའི་རྐྱེན་གྱིས་རྒྱ་ནག་གཞུང་ཚབ་ཀྱིས་གོ་སྒྲིག་བྱས་པའི་བོད་དོན་དྲིལ་བསྒྲགས་ཀྱི་དཔར་རིས་འགྲེམས་སྟོན་སྒོ་རྒྱག་དགོས་བྱུང་ཡོད་པའི་སྐོར་ཚེ་རིང་སྐྱིད་ཀྱིས་འབྲེལ་ཡོད་མི་སྣར་བཀའ་འདྲི་ཞུས་པ་དེ་གསན་གྱི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG