ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

རྒྱ་ནག་གིས་ཝ་ེན་ཛུ་ལའི་སྲིད་འཛིན་འོས་བསྡུའི་ནང་མ་ཌུ་ར་ལ་རྒྱལ་ཁ་ཐོབ་པར་ངོས་འཛིན་བྱས།


རྒྱ་ནག་གིས་ཝ་ེན་ཛུ་ལའི་སྲིད་འཛིན་འོས་བསྡུའི་ནང་མ་ཌུ་ར་ལ་རྒྱལ་ཁ་ཐོབ་པར་ངོས་འཛིན་བྱས།
རྒྱ་ནག་གིས་ཝ་ེན་ཛུ་ལའི་སྲིད་འཛིན་འོས་བསྡུའི་ནང་མ་ཌུ་ར་ལ་རྒྱལ་ཁ་ཐོབ་པར་ངོས་འཛིན་བྱས།

རེས་གཟའ་ཟླ་བ་ཉིན་ཝེ་ནི་ཛུ་ལའི་འོས་བསྡུ་ལྷན་ཁང་གིས་ཝེ་ནི་ཛུ་ལའི་སྲིད་འཛིན་འོས་བསྡུའི་ནང་སྲིད་འཛིན་མ་ཌུ་ར་ལ་འོས་ཤོག་བརྒྱ་ཆ་༥༡དང་ཁ་གཏད་གྷོན་ཛ་ལས་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་༤༤བྱུང་ཡོད་ལུགས་གསལ་བསྒྲགས་བྱས་འདུག དེ་ནི་འོས་བསྡུ་སྐོར་ཚོད་དཔག་བྱས་པ་དང་མཐུན་གྱི་མེད་ཅིང་། ཕྱོགས་འགལ་ཚོགས་པའི་འོས་མི་གྷོན་ཛ་ལིས་ལ་རྒྱབ་སྐྱོར་བྱེད་མཁན་མང་བ་ཡོད་པའི་རྣམ་པ་ཐོན་ཡོད།

ཝེ་ནི་ཛུ་ལའི་འོས་བསྡུ་ལྷན་ཁང་གིས་ཀར་ཀྲར་ལྟེ་གནས་ཁང་ནས་འོས་བསྡུར་ཉམས་ཞིབ་བྱེད་མཁན་ལ་གདན་འདྲེན་ཞུས་ཡོད་པ་དང་། ཀར་ཀྲར་ལྟེ་གནས་ཁང་གིས་ཝེ་ནི་ཛུ་ལའི་འོས་བསྡུ་དེ་རྒྱལ་སྤྱིའི་འོས་བསྡུའི་ཚད་དང་ལྡན་པ་བྱུང་མེད་པའི་སྤྱི་བསྒྲག་སྤེལ་འདུག་པའི་ནང་འོས་བསྡུ་དེ་མང་གཙོའི་ལམ་ལུགས་གཞིར་བཟུང་འོས་བསྡུ་བྱས་པར་ངོས་འཛིན་བྱེད་ཀྱི་མེད་ཅེས་འགྲེལ་བརྗོད་བྱས་འདུག་འདུག

བོ་ལི་ཝྱ་དང་། ནི་ཀ་ར་གྷུཡ། ཧོན་ཌོ་རས། སྐྱུ་བྷ་བཅས་མ་ཡིན་པའི་གླིང་ཕྲན་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་མང་ཆེ་བས་འོས་བསྡུའི་གྲུབ་འབྲས་ལ་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད། བློ་འཚབ་ཀྱང་བྱེད་ཡོད་ཅེས་བཤད་འདུག རྒྱལ་སྤྱི་ནས་རྒྱལ་ཁབ་མང་ཆེ་བས་འོས་བསྡུ་དེ་མང་གཙོའི་ལམ་ལུགས་གཞིར་བཟུང་འོས་བསྡུ་བྱས་པར་ངོས་ལེན་བྱེད་ཀྱི་མེད་ཀྱང་། རྒྱ་ནག་གིས་སྲིད་འཛིན་འོས་ཐོན་པ་མ་ཌུ་རོ་ཡིན་ལུགས་བཤད་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་གིས་ཝེ་ནི་ཛུ་ལའི་རྒྱལ་ཁབ་གི་བདེ་འཇག་འགན་སྲུང་དང་རྒྱལ་ཁབ་ཀྱི་གཟི་བརྗིད། གཏན་ལྷིང་འགན་སྲུང་བྱེད་རྒྱུའི་འབད་བརྩོན་ལ་རྒྱབ་སྐྱོར་ཡོད་ཅེས་བཤད་ནས་སྲིད་འཛིན་མུ་ཌུ་རོ་སྲིད་འཛིན་ལ་འདེམས་ཐོན་བྱུང་བར་ངོས་འཛིན་ཡོད་ཅེས་བཤད་འདུགག

ཡོག་གཙུག་ལག་སློབ་ཁང་གི་ཚོང་དང་སྤྱི་ཚོགས་ཤེས་ཡོན་སྡེ་ཚན་གྱི་སློབ་དཔོན་གྱི་ལས་རོགས་ཨན་ཏུ་ལུའོ་ རོ་སེལ་གྱིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན། རྒྱ་ནག་ལ་དགོས་རྒྱུ་དེ་ཝེ་ནི་ཛུ་ལའི་གནས་སྟངས་སྲ་བརྟན་དགོས་པ་དེ་རེད། ད་ཆ་ནི་ཀོ་ལས་མ་ཌུ་རོ་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་གནས་སྟངས་སྲ་བརྟན་བཟོ་རྒྱུའི་ཆེད་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། མ་ཌུ་རོ་ཡིས་མང་གཙོ་ལམ་ལུགས་དང་མ་མཐུན་པའི་སྲིད་དབང་བཟུང་བ་ཡིན་ནའང་། རྒྱ་ནག་གིས་མ་ཌུ་རོ་ལས་གནས་ལ་ཡོད་ན་རྒྱལ་ཁབ་ཀྱི་གནས་སྟངས་སྲ་བརྟན་ཡོང་རྒྱུའི་རེ་བ་བཅང་གི་ཡོད་རེད་ཅེས་འགྲེལ་བརྗོད་བྱས་འདུག


ཨ་རིའི་དམག་མིའི་གཙུག་ལག་ཁང་གི་ལེ་ཀྲིན་ཨ་མི་རི་ཀ་སྡེ་ཚན་གྱི་ཉམས་ཞིབ་སློབ་དཔོན་ཨེ་ཝན་ཨིལིཛ་ཡིས་རྒྱ་ནག་གིས་ཝེ་ནི་ཛུ་ལ་ནང་མ་རྩ་ཤུགས་ཆེར་ཐེབས་འཇོག་བྱས་ཡོད་པ་དང་འབྲེལ་བ་ཡོད་རེད་ཅེས་གསུངས་འདུག

ཁོང་གིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན་ལ་རྒྱ་ནག་དང་ཝེ་ནི་ཛུ་ལ་དབར་སྲིད་འཇིན་ཟུར་པ་ཧུ་གྷོ་ ཆ་ཝེཛ་དང་རྒྱུན་རིང་ཆབ་སྲིད་དང་ཚོང་གི་འབྲེལ་བ་ཡོད་ཅིང་། དེ་རྗེས་མ་ཌུ་རོ་དང་ཕྱི་ལོ་༢༠༠༠ནས་འབྲེལ་བ་བྱུང་ཡོད། ཧུ་གོ་ཆ་བྷཛ་སྐབས་ནས་རྒྱ་ནག་དང་འཐབ་ཇུས་ཀྱི་འབྲེལ་བ་ཡོད་པ་དེ་མ་ཌུ་རོ་སྐབས་རྒྱ་བསྐྱེད་བཏང་ཡོད་རེད་ཅེས་འགྲེལ་བརྗོད་བྱས་འདུག

བྷི་ནི་ཛུ་ལའི་མ་ཌུ་རོ་གཞུང་དང་རྒྱ་ནག་གཞུང་གཉིས་འབྲེལ་བ་ཆེན་པོ་ཡོད་ནའང་། རྒྱ་ནག་གི་ཚོང་པའི་སྤྱི་ཚོགས་ཀྱིས་མ་ཌུ་་རོ་ལ་དགའ་བོ་བྱེད་ཀྱི་མེད། སྐབས་གཅིག་ལ་ལེ་ཀྲིན་ཨ་མི་རི་ཀའི་རྒྱལ་ཁབ་ཁོངས་ནས་རྡོ་སྣུམ་ཐོན་བསྐྱེད་ཆེ་བ་ཝེ་ནི་ཛུ་ལ་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་ལ་ངོས་འཛིན་ཡོད་བ་དེ་ལ་དཔལ་འབྱོར་གི་དཀའ་ངལ་འཕྲད་ནས་རྒྱ་མི་ཚོང་པ་ཚོ་མི་དགའ་བ་བྱས་ཡོད་པ་དང་། དེའི་རྒྱུ་མཚན་ནི་ལྐོག་ཟུ་རུལ་སུངས་ཁྱབ་ཆེ་བ་དེར་ཐུག་ཡོད། སློབ་དཔོན་རོ་སོལ་གྱིས་རྒྱ་ནག་ལ་ལྐོག་ཟ་རུལ་སུངས་ཁྱབ་ཇེ་ཆེ་ཡིན་བ་དེ་གནད་འགག་མ་རེད། རྒྱ་ནག་གིས་བྷི་ནི་ཛུ་ལའི་ནང་མ་རྩ་བཙུག་ཡོད་པ་རྣམས་སྲུང་སྐྱོབ་དང་ལྷིང་འཇགས་ཀྱི་གནད་འགག་ལ་རྩིས་པ་རེད། རྒྱ་ནག་ལ་ཝེ་ནི་ཛུ་ལའི་མ་ཌུ་རོ་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་རྒྱལ་ཁབ་དེའི་ཐོན་ཁུངས་བེད་སྤྱོད་ཆོག་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་རྒྱབ་སྐྱོར་ཐོབ་ལྟས་པ་རེད་ཅེས་གསུངས་འདུག

ཨ་རི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། རྒྱ་རི་རྡོ་རྗེ་ཐོགས་མེད།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG