སྡེ་དགེ་རུ་སྐྱ་སེར་སྡེབས་འཛིན།
སྤྱི་ཟླ་༢་ཚེས་༢༢་ཉིན་གྱི་ཞོགས་པ། དཀར་མཛེས་ཁུལ་སྡེ་དགེ་རྫོང་དབོན་སྟོད་དགོན་པ་དང་ཡེ་ན་དགོན་པའི་དགེ་འདུན་པ་དང་མང་ཚོགས་ཚོ་ཉེན་རྟོག་པས་ཆུ་ཁ་ཚ་དང་གློག་ཤུགས་མེ་མདའ་སྤྱད་ནས་སྡེབས་འཛིན་བྱས་འདུག ལྷག་པར་དུ་དགེ་འདུན་པ་དང་མི་མང་པོར་རྨས་སྐྱོན་ཕོག་ནས་སྡེ་དགེ་རྫོང་སྨན་ཁང་དུ་ཛ་དྲག་མྱུར་སྐྱོབ་བྱེད་བཞིན་པ་རེད།