ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༡༢/༢༦

བོད་པའི་སློབ་ཆུང་ཁག་སྒོ་བརྒྱབ་སྟེ་སློབ་ཕྲུ་ཚོ་རྒྱ་ནག་ལ་ཁྲིད་པ།


བོད་ཨ་མདོ་རེབ་གོང་དང་ཆབ་ཆ་ཁུལ་དུ་སློབ་གྲྭ་བ་ཚོས་ངོ་རྒོལ་བྱས་པ། 2010
བོད་ཨ་མདོ་རེབ་གོང་དང་ཆབ་ཆ་ཁུལ་དུ་སློབ་གྲྭ་བ་ཚོས་ངོ་རྒོལ་བྱས་པ། 2010
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༩་པའི་ཚེས་༡༥་ཉིན་བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པར་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གིས་མདོ་སྨད་རེབ་གོང་ཁུལ་ནས་རྒྱང་ཐག་སྤྱི་ལེ་༨༠་ཡས་མས་ཤིག་གི་མཚམས་སུ་ཆགས་ཡོད་པའི་རེབ་གོང་རྒྱལ་པོ་ཕྱོགས་ཀྱི་གྲོང་ཚོ་ཁག་གི་སློབ་ཆུང་ཚང་མ་སྒོ་བརྒྱབ་སྟེ་སློབ་ཕྲུག་རྣམས་ཁུལ་དང་རྒྱ་ནག་གི་ས་གནས་ཁག་ལ་ཁྲིད་ནས་བོད་ཕྲུག་ཚོ་རྒྱ་ནག་གི་སློབ་གྲྭ་ཁག་བསྐྱལ་དགོས་ཤིང་། སློབ་ལོ་སོན་པའི་བྱིས་པ་ཚོ་སློབ་གྲྭ་གང་རུང་ལ་མ་བསྐྱལ་ཚེ། ཁྱིམ་བདག་ཚོར་རྒྱ་གཞུང་གིས་ཉེས་ཆད་གཅོད་རྒྱུ་ཡིན་ཟེར་གྱི་འདུག བོད་ཕྲུག་རྣམས་རྒྱ་ནག་ལ་ཁྲིད་ནས་སློབ་གྲྭ་ཁག་ཏུ་བཅུག་ན་རྒྱ་ཡིག་འབའ་ཞིག་སློབ་ཁྲིད་བྱེད་པ་དང་བོད་ཡིག་སློབ་ཁྲིད་གཏན་ནས་མེད་པ། ཁུལ་གྱི་སློབ་གྲྭ་རེ་ཟུང་ལ་བོད་ཡིག་སློབ་ཁྲིད་ཡོད་ཀྱང་སློབ་ཚན་ཕལ་ཆེ་བ་རྒྱ་ཡིག་གིས་སློབ་ཁྲིད་བྱེད་ཀྱི་ཡོད་པས་ཁྱིམ་བདག་ཚོར་རང་གི་བུ་ཕྲུག་རྣམས་བོད་ཡིག་སློབ་ཁྲིད་མེད་ས་ཞིག་ལ་གཏོང་འདོད་མེད་པ་རེད་ཅེས་བཤད།

གསར་འགྱུར་མཁོ་སྤྲོད་པས་སྔ་དགོང་གཉིས་སུ་ཕ་མ་ཚོས་བྱིས་པ་རྣམས་ཡར་སྐྱེལ་མར་ལེན་བྱ་རྒྱུ་དེ་ལའང་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག དེང་སྐབས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་ཡིན་རུང་རོང་འབྲོག་མང་ཚོགས་ཀྱིས་བྱིས་པ་ཚང་མ་སློབ་གྲྭར་གཏོང་དགོས་ན་ལས་སླ་བོ་ཞིག་མ་རེད། རྒྱ་གཞུང་གིས་བཙན་བཀའ་བཏང་བ་འདིས་ཕྱོགས་གཅིག་ནས་བྱིས་པ་ཚོས་བོད་ཡིག་སྦྱང་རྒྱུ་འདིར་འགོག་རྐྱེན་ཐེབས་པ་དང་གཉིས་ནས་རྒྱ་ཡིག་གི་སློབ་གྲྭར་བསྐྱལ་ན་བོད་རང་གི་ཕ་མེས་ཀྱི་སྲོལ་རྒྱུན་མི་ཤེས་པ། ཕ་སྐད་གཙང་མ་ཞིག་བཤད་ཐུབ་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། རེབ་གོང་རྒྱལ་པོ་ཕྱོགས་ལ་མཚོན་ན་རོང་འབྲོག་གཉིས་ཀྱི་འཚོ་བར་བརྟེན། དམིགས་བསལ་འབྲོག་ལས་ལ་བརྟེན་ཡོད་མཁན་གྱི་བྱིས་པ་ཚོར་ས་ཐག་རིང་པོར་སློབ་གྲྭར་བསྐྱལ་དགོས་ཚེ་ཧ་ཅང་གི་སྟབས་བདེ་ཞིག་མ་རེད།།

བྱིས་པའི་ཁྱིམ་བདག་ཚོའི་བསམ་ཚུལ་གཙོ་བོ་ནི་སོ་སོའི་སྡེ་པའི་ནང་དུ་སློབ་གྲྭར་བསྐྱལ་ན་བོད་རང་གི་སྐད་ཡིག་གི་རྨིང་གཞི་ཡག་པོ་ཤེས་ཐུབ་རྒྱུ་དེ་གལ་ཆེན་ཏུ་བརྩི་བཞིན་ཡོད་ཅིང་། ད་ལྟ་སློབ་འབྲིང་དང་དམའ་འབྲིང་ནས་བཟུང་སྟེ་སློབ་ཆེན་སོགས་སུ་འགྲོ་བཞིན་པའི་སློབ་མ་ཚོས་རང་གི་ཆེད་སྦྱོང་དེ་བོད་ཡིག་གཙོར་བོ་བྱས་ཏེ་རྒྱ་ཡིག་གི་སྦྱངས་འབྲས་ཡག་པོ་བླངས་ནས་མ་འོངས་བར་བྱ་བ་རེ་གཉེར་ཐུབ་རྒྱུར་འབད་པ་བྱེད་བཞིན་པ་ནི་ཐུན་མོང་གི་ཁ་ཕྱོགས་ལྟ་བུ་ཞིག་ཏུ་གྱུར་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG