ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

ཨ་རིའི་ཕྱི་སྲིད་དྲུང་ཆེས་སོག་ཡུལ་དང་འབྲེལ་བ་ཉེ་རུ་གཏོང་ཆེད་སོག་ཡུལ་ལ་ཕེབས།


ཨ་རིའི་ཕྱི་སྲིད་དྲུང་ཆེས་སོག་ཡུལ་དང་འབྲེལ་བ་ཉེ་རུ་གཏོང་ཆེད་སོག་ཡུལ་ལ་ཕེབས།
ཨ་རིའི་ཕྱི་སྲིད་དྲུང་ཆེས་སོག་ཡུལ་དང་འབྲེལ་བ་ཉེ་རུ་གཏོང་ཆེད་སོག་ཡུལ་ལ་ཕེབས།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཐོ་ནི་ བྷི་ལིན་ཀིན་གྱིས་འདས་པའི་ཉིན་གྲངས་བཅུའི་རིང་ ཨ་ཤི་ཡའི་རྒྱལ་ཁབ་ཁག་གཅིག་ལ་རྒྱལ་དོན་འཚམས་གཟིགས་གནང་རྗེས་་སྲིད་དབང་གཅིག་སྡུད་པའི་རྒྱལ་ཁབ་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་དཀྱིལ་དུ་ཆགས་པ་སོག་པོའི་ཡུལ་དང་འབྲེལ་བ་ཉེ་རུ་གཏོང་ཐབས་ཆེད་རེས་གཟའ་ཕུར་བུའི་ཉིན་སོག་པོའི་རྒྱལ་ས་ ཨུ་ལེཎ་བྷ་ཏོར་ནང་ཕེབས་འདུག

དེ་ཡང་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་ཨ་རིའི་སྲིད་གཞུང་གིས་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་འབྲེལ་བ་ཉེ་རུ་གཏོང་རྒྱུའི་ལས་འཆར་དེ་རྒྱ་ནག་ལ་དམིགས་པ་ཞིག་མིན་ཞེས་བརྗོད་ཀྱི་ཡོད་ནའང་། ཕྱི་སྲིད་དྲུང་ཆེ་བྷེ་ལིན་ཀིན་གྱི་འཚམས་གཟིགས་དེའི་སྐབས་ལྷོ་ཤར་ཨེ་ཤི་ཡ་དང་། ཉི་ཧོང་ལ་སོགས་པར་རྒྱ་ནག་གི་རྩུབ་སྤྱོད་མང་དུ་གཏོང་བ་ཡིན་ན། མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་ཨ་རིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་འདུག

དེ་བཞིན་གཟའ་འཁོར་སྔོན་མར་ལའོས་རྒྱལ་ས་ཝེནཏ་ནེ་ནང་རྒྱ་ནག་གི་ཕྱི་སྲིད་དྲུང་ཆེ་ཝང་ཡི་དང་ཐུག་འཕྲད་བྱུང་བའི་སྐབས་་རྦ་གསང་མེད་པའི་བཀའ་མོལ་ལྷུག་པོ་བྱུང་ཞེས་གསུང་འདུག དེ་བཞིན་་ཉི་ཧོང་ནང་་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷེ་ལིན་ཀིན་དང་རྒྱལ་སྲུང་དྲུང་ཆེ་ཨོས་ཅོན་ ལོ་ཡིཏ་གཉིས་ཀྱིས་རྒྱ་ནག་གི་འཁྲུག་རྐྱེན་སློང་ཡུལ་རྒྱལ་ཁབ་ཁག་དང་། ལྷག་པར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཡོད་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་དྲག་པོའི་དཔུང་དམག་དང་འབྲེལ་བ་ཉེ་རུ་བཏང་ནས་བདེ་འཇགས་སྲུང་སྐྱོབ་ལས་འཆར་ཐོག་་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུང་ཡོད་འདུག

རེས་གཟའ་་ཕུར་བུའི་ཉིན་སོག་པའི་རྒྱལ་ས་ཨུ་ལན་བྷ་ཏོར་དུ་ཕྱི་སྲིང་དྲུང་ཆེ་བྷི་ལིན་ཀིན་གྱིས་གསར་འགོད་པ་ཚོར་བཀའ་མོལ་གནང་བའི་སྐབས་སུ་ཨ་རིའི་བྱེད་སྟངས་འདི་དག་ནི་རྒྱལ་ཁབ་གང་རུང་ཞིག་ལ་དམིགས་པ་ཞིག་མིན། དེ་དག་ནི་ཐུན་མོང་གི་མདུན་ལམ་ཞིག་གི་ཆེད་དུ་ཡིན་ཅིང་། ང་ཚོའི་ཐུན་མོང་གི་མདུན་ལམ་དང་མ་འོངས་པའི་གནས་སྟངས་་ཇི་འདྲ་དགོས་མིན་ངོས་འཛིན་དང་རེ་འདུན་ཐོག་ནས་གྲུབ་འདོད་ཡོད་པ་ཞིག་དང་། ཐུན་མོང་གི་རེ་འདུན་དེའི་ཆ་ཤས་གཅིག་ནི་རང་དབང་ཡིན་པ་གསལ་པོ་རེད་། རྒྱལ་ཁབ་ཇི་འདྲ་ཞིག་ཡིན་རུང་རང་རྒྱལ་གྱི་ཆོད་དོན་འཇོག་དགོས་ཁག་ མ་འོངས་པའི་གནས་སྟངས་ཁག་མདུན་པ་ཡོད་པའི་སྒོ་ནས་་གདེམ་ག་ཡོད་པ་ཞིག་དགོས་ཀྱི་རེད་ཅེས་གསུངས་འདུག

རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་དཀྱིལ་དུ་ཆགས་པ་་སོག་ཡུལ་དེ་ནི་ས་ཁྱོན་རྒྱ་ཆེ་ལ་མི་འབོར་ས་ཡ་་༣ དང་ཚགས་་༤་ཙམ་་ལས་མེད་པའི་མང་གཙོའི་རྒྱལ་ཁབ་ཞིག་ཡིན་ཞིང་། སོག་ཡུལ་ནང་ཉེ་ཆར་ཕྱི་ཟླ་དྲུག་པའི་ནང་གྲོས་ཚོགས་འོས་བསྡུ་བྱས་པ་སོགས་མང་གཙོའི་ལམ་ལུགས་ལྡན་པའི་རྒྱལ་ཁབ་ཞིག་ཡིན་པར་བརྟེན་ཨ་རིའི་སྲིད་གཞུང་གིས་སོག་ཡུལ་དང་འབྲེལ་བ་ཉེ་རུ་གཏོང་འདོད་ཡོད་པས་རིམ་པས་མི་རིགས་ཕན་ཚུན་དབར་དང་། ཕྱི་འབྲེལ་གྱི་འབྲེལ་ལམ་རྒྱ་བསྐྱེད་གཏོང་རྒྱུའི་འཆར་གཞི་ཡོད་པ་གསལ་འདོན་གནང་འདུག་ཅིང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་སོག་ཡུལ་ནང་གི་འཚམས་གཟིགས་སྐབས་སོག་ཡུལ་གྱི་སྲིད་འཛིན་དང་་སྲིད་བློན་རྣམ་གཉིས་ལ་མཇལ་འཕྲད་གནང་བའི་སྒོ་ནས་རྒྱལ་ཁབ་གཉིས་དབར་འབྲེལ་བ་ཉེ་རུ་གཏོང་རྒྱུར་ཆོད་སེམས་འཛིན་གྱི་ཡོད་པ་རེད།་

ཨེ་ཨེཕ་པིགསར་འགྱུར་ལས་ཁང་དང་ཕྱི་སྲིད་ལས་ཁུངས་ཀྱི་གསལ་བསྒྲགས་ནས་བཏུ།
གསར་འགོད་པ། ཚེ་བརྟན་ཆོས་སྒྲོན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG