ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

སོག་ཡུལ་ནང་གྲགས་ཅན་གསར་འགོད་པ་གཅིག་ལ་ལོ་ལྔའི་བཙོན་འཇུག་ཉེས་ཆད་བཏང་།


གསར་འགོད་པ་གྲགས་ཅན་ཨ་ནུར་ཚེ་ཚེག་ལ་ལོ་ལྔའི་ཉེས་ཁྲིམས་བཅད་པ་
གསར་འགོད་པ་གྲགས་ཅན་ཨ་ནུར་ཚེ་ཚེག་ལ་ལོ་ལྔའི་ཉེས་ཁྲིམས་བཅད་པ་

རེས་གཟའ་པ་སངས་ཉིན་སོག་པོའི་ཁྲིམས་ཁང་གིས་གསར་འགོད་པ་གྲགས་ཅན་ཨ་ནུར་ཚེ་ཚེག་ལ་ལོ་ལྔའི་ཉེས་ཁྲིམས་བཅད་པ་དེས་ས་གནས་ཀྱི་དབྱེ་ཞིབ་པ་དང་གསར་འགོད་ལས་དོན་གཉེར་མཁན་ཚོར་བློ་འཚབ་ཡོང་རྐྱེན་ཆགས་ཡོད་པ་རེད།

ཕྱིར་བསྒྲགས་མེད་པར་འདྲི་བརྩད་བྱས་སྐབས་ཁྲིམས་ཁང་གིས་ཨ་ནུར་ཚེ་ཚེག་ཞུ་བའི་གསར་འགོད་པ་གྲགས་ཅན་དེར་གནས་ཚུལ་རྫུན་མ་སྤེལ་བ་དང་། དཔྱ་ཁྲལ་ལས་གཡོལ་ཐབས་བྱས་པ། ཁྲིམས་འགལ་གྱིས་དངུལ་འགྲོ་གྲོན་བཏང་ནས་རྒྱལ་ཁབ་ཀྱི་གསང་བའི་་གནས་ཚུལ་མཁོ་གྲུབ་བྱས་པ། ཁྲིམས་ཁང་གི་བཀའ་ལ་བརྩི་སྐུར་མ་བྱས་པ་སོགས་ནག་ཉེས་བཙུགས་འདུག་པ་དང་། གསར་འགོད་པ་དེས་ནག་ཉེས་དེ་དག་ལ་ཁས་ལེན་བྱས་མེད་ཀྱང་། ལོ་བཞི་དང་ཟླ་བ་དགུའི་རིང་དོ་དམ་བཙོན་འཇུག་ཉེས་ཆད་བཏང་འདུག

གསར་འགོད་པ་ཝུའུ་ནུའུ་ཨར་ཚེག་ནི་ཛ་རིག་གསར་འགྱུར་ལས་ཁང་གི་རྩོམ་སྒྲིག་པ་གཙོ་བོ་དེ་ཡིན་པ་དང་། ཐོག་མ་༢༠༢༣ ལོའི་ཟླ་༡༢ པའི་ནང་ཐེངས་དང་པོར་འཛིན་བཟུང་བྱས་ཏེ། གནས་ཚུལ་རྫུན་མ་སྤེལ་བ་དང་། ཁྲིམས་ཁང་གི་བཀའ་ལ་བརྩི་མེད་བཏང་བ་སོགས་ཀྱི་

ཉེས་འཛུགས་འཕར་མ་བྱས་ཡོད་ཀྱང་། རྗེས་སུ་འདི་ལོའི་ཟླ་༢་པའི་ནང་བེུད་གསར་འགོད་པ་དེ་རང་ཁྱིམ་དུ་་བཟང་བཙོན་གནས་བབ་འོག་བཞག་འདུག་ཀྱང་ཞུ་གཏུག་བྱ་རྒྱུའི་གོ་སྐབས་སྤྲད་མེད།

ཡང་སོག་པོའི་རྒྱལ་ས་ཨུ་ལན་བྷ་ཌོའི་ནང་ཡོད་ཨ་ནནྟ་ཏུ་མོར་ ཏོགྷོ་ནི་སྒེར་གྱི་གསར་འགོད་པ་ཡིན་པ་དང་། རྒྱུན་དུ་གསར་འགྱུར་་བརྒྱུད་ལམ་མང་པོར་གསར་འགྱུར་མཁོ་སྤྲོད་བྱེད་ཀྱི་ཡོད་པ་དང་། ཁོང་གིས་གསུངས་པར་གཞིགས་ན། ཁྲིམས་བཅད་དེ་ཡིས་རྒྱལ་ནང་དུ་ཡོད་པའི་གསར་འགོད་བྱ་བཞག་པ་ཚང་མར་སེམས་འཚབ་ཡོང་གཞི་ཞིག་ཏུ་འགྱུར་ཡོད་པ་མ་ཟད་། བྱ་སྤྱོད་འདི་དག་ནི་སོག་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཉིན་མ་ནག་པོ་གཅིག་རེད་ཅེས་འགྲེལ་བརྗོད་བྱས་འདུག

གནས་ཚུལ་དེས་སོག་ཡུལ་གྱི་་གསར་འགྱུར་ལས་དོན་གཉེར་མཁན་ཚོར་འཇིགས་སྣང་སྐྱེས་་དགོས་པ་ཞིག་དང་། གལ་སྲིད་གསར་འགོད་པ་ཞིག་གིས་དབང་ལྡན་མི་སྣའི་བྱ་སྤྱོད་ཐེར་འདོན་བྱས་པ་ཡིན་ན་གནས་ཚུལ་འདི་རིགས་འཕྲད་རྒྱུའི་ཉེན་ཁ་ཡོད་མུས་རེད་གསུངས་འདུག ཁྲིམས་ཁང་གིས་ཉེས་ཆད་བཏང་བའི་གསར་འགོད་པ་དེ་ནི་སོག་ཡུལ་ནང་ཞིབ་འཇུག་གསར་འགོད་པ་གྲགས་ཆེ་བ་ཞིག་ཡིན་པ་དང་། ཁོང་གིས་ཡུལ་གྱི་ཡར་རྒྱས་་དངུལ་ཁང་ནས་འབུ་ལོན་མ་གྲུབ་མཁན་བཟོ་ཚོང་ལས་ཁང་རྣམས་ཐེར་འདོན་བྱས་པ་དང་། ནང་པའི་སློབ་གྲྭ་ཞིག་གི་ནང་ཚུལ་མིན་གྱི་་བྱ་སྤྱོད་་ལག་བསྟར་བྱེད་ཀྱི་ཡོད་པའི་སྐོར། དྲག་པོའི་དཔུང་དམག་ནང་དུ་ཡང་་དྲག་ཟིང་་གི་དོན་རྐྱེན་ཡོང་གི་ཡོད་པའི་སྐོར་སོགས་གསང་བའི་་གནས་ཚུལ་མང་པོ་ཐེར་འདོན་བྱས་ཡོད།

གནས་ཚུལ་འདིའི་་སྐོར་ཝ་ཤིང་ཌོན་ནང་ཡོད་་སོག་པོའི་གཞུང་ཚབ་ཁང་ལ་འདི་ག་རླུང་འཔྲིན་ཁང་གི་འབྲེལ་བ་ཞུས་པར་ལན་འདེབས་གང་ཡང་བྱས་མི་འདུག

ཨ་རི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། ཚེ་བརྟན་ཆོས་སྒྲོན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG