སྲིད་འཛིན་གཞོན་པས་མེ་མདའ་བཀག་སྡོམ་ལས་ཁུངས་ཀྱི་སྣེ་འཁྲིད་རྒྱུ།
ཨ་རིའི་གྲོས་ཚོགས་ནང་མེ་མདའ་སྟངས་འཛིན་གྱི་ཁྲིམས་འཆར་ལ་འགོག་རྐྱེན་འཕྲད་བཞིན་པའི་སྐབས་འདིར། སྲིད་འཛིན་བྷ་ཌན་གྱིས་མེ་མདའི་དྲག་ཟིང་སྔོན་འགོག་གི་ཆེད་དུ་དབུས་གཞུང་གི་ལས་ཁུངས་གསར་པ་ཞིག་འཛུག་རྒྱུ་དང་། སྲིད་འཛིན་གཞོན་པ་ཀ་མ་ལཱ ཧེ་རི་སི་ཡིས་ལས་ཁུངས་གསར་པ་འདིའི་འགོ་འཛིན་གནང་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་པ་རེད།