བྷ་ཌན་དང་ཞི་ཅིན་ཕིང་གཉིས་དངོས་སུ་མཇལ་འཕྲད་གནང་བ།
སྲིད་འཛིན་བྷ་ཌན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་གཟའ་ཟླ་བའི་ཉིན་ཨིན་རྡུ་ནེ་ཤི་ཡའི་ནང་མཇལ་འཕྲད་གནང་། འདི་ནི་ལོ་གཉིས་ཙམ་གྱི་སྔོན་ལ་བྷ་ཌན་གྱིས་སྲིད་འཛིན་འོས་འགན་བཞེས་པའི་རྗེས་འགོ་ཁྲིད་གཉིས་དངོས་སུ་མཇལ་འཕྲད་གནང་བ་ཐེངས་དང་པོ་ཡིན་ཞིང་། སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ཚོགས་ཆེན་སྟེང་ཞོར་དུ་མཇལ་འཕྲད་གནང་བ་རེད།