༧གོང་ས་མཆོག་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་ཀྱིས་སྐྱེས་རབས་ཀྱི་ཆོས་འབྲེལ་སྩལ་གནང་བ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བོད་ཟླ་དང་པོའི་ཚེས་ ༡༥ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་བསྐྱངས་གནང་གིས། སྐྱེས་རབས་ཀྱི་གསུང་ཆོས་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ་གནང་མཛད་སོང་།