ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༥/༠༤/༢༣

ཀུན་གླེང་ཐད་གཏོང་། ༢༠༢༥ ཟླ ༣ ཚེས ༡༣


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་སྐུ་ཚབ་ཨུ་རུ་སུར་གྲོས་མོལ་ཆེད་དུ་ཕེབས་པ་དང་། ཨ་རིའི་གཞུང་གི་སྔོན་རྩིས་དང་སྲིད་གཞུང་སྒོ་རྒྱག་ཉེན། ཨ་རིའི་ཕྱི་སྲིད་དྲུང་ཆེས་བོད་དོན་རྒྱབ་སྐྱོར་ཐད་ཡིག་འབྲེལ་གནང་པ། ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་བར་གྱི་སྒོ་ཁྲལ། ཧྥི་ལི་པིན་སི་ཀྱི་སྲིད་འཛིན་ཟུར་པ་བཀག་ཉར་བྱས་པ་སོགས་ཡོད། དཔེ་ཀློག་ལས་རིམ་དུ་བཙུན་དགོན་དགེ་ལྡན་ཆོས་གླིང་གི་དགེ་བཤེས་མ་བློ་བཟང་བྱང་ཆུབ་ལགས་དང་ལྷན་དུ། ཁོང་གིས་རྩོམ་སྒྲིག་གནང་བའི་དཔེ་དེབ། དགེ་ཚུལ་གྱི་བསླབ་བྱ་གཅེས་བཏུས་ཞེས་པ་དེའི་ནང་དོན་དང་དགོས་དམིགས་སོགས་ཀྱི་ཐད་བཀའ་མོལ་ཞུས་པ་ཡིན། ། དྲ་སྣང་གི་བོད་དུ་༧སྐུའི་ཕྱག་དེབ་གསར་པ་དང་རྒྱ་ནག་གི་ལན་འདེབས། རྒྱལ་སྤྱིའི་སྡིངས་ཆར་བོད་ཕྲུག་སྐོར་གྱི་གཏམ་བཤད་དང་འཁྲབ་སྟོན། བཙན་བྱོལ་བོད་མིར་དམིགས་པའི་རྒྱའི་དྲ་དམག བཙན་བྱོལ་བོད་མི་ཡུ་ཌོབ་ཟིན་ཐོ་བའི་ལས་འགན་སོགས་ཡོད།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG