ཀུན་གླེང་ཐད་གཏོང་། ༢༠༢༥ ཟླ ༢ ཚེས ༢༧
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ སྲིད་འཛིན་ཊམ་གྱི་བློན་ཆེན་ལྷན་ཚོགས་ཐེངས་དང་པོ་གནང་བ་དང་། རང་བྱུང་གཏེར་ཁའི་སྐོར་གྲོས་མོལ་གྱི་མ་ཟིན་གཏན་འབེབས། རྒྱ་གར་གྱི་གྲུ་གཟིངས་གཏོར་བྱེད་འཕུར་མདེལ་ཚོད་ལྟ་ལམ་ལྷོང་། གདོད་མའི་མི་རིགས་ཀྱི་གཙང་ཆུ་སྲུང་སྐྱོབ་ཀྱི་ལས་འགུལ། ཐེ་ལེན་དང་འབར་མ་རུ་མི་བདུན་སྟོང་ལྷག་བཀག་ཉར་བྱས་པ་སོགས་ཡོད། བུད་མེད་ལེ་ཚན་ནང་སྐབས་བདུན་པའི་དགེ་བཤེས་མའི་རྒྱུགས་སྤྲོད་ནང་ཨང་རིམ་དང་པོ་སོན་མཁན་རྡ་ས་དགེ་ལྡན་ཆོས་གླིང་གི་དགེ་བཤེས་མ་བློ་བཟང་བྱང་ཆུབ་ལགས་དང་ལྷན་དུ་ཁོ་མོའི་སློབ་སྦྱོང་གི་བརྒྱུད་རིམ་དང་། དགེ་བཤེས་མ་ཞིག་གི་ངོས་ནས་བོད་མིའི་སྤྱི་ཚོགས་ཁྲོད་ཞབས་འདེགས་སྒྲུབ་ཕྱོགས་སོགས་ཀྱི་ཐད་ལ་གླེང་མོལ་ཞུས་ཡོད། དྲ་སྣང་གི་བོད་དུ་ཚེ་རིང་སྐྱིད་ལགས་ཀྱིས་གྷུ་གྷལ་བརྡ་འཕྲིན་བཟོ་ལས་ཁང་གི་ལས་འཆར་འགན་འཛིན་བསོད་ནམས་དོན་ལྡན་ལགས་དང་ལྷན་གྷུ་གྷལ་འཚོལ་ཞིབ་ལས་ཁུངས་ཀྱིས་བོད་པའི་ལོ་གསར་ལས་གཞི་དང་འབྲེལ་ནས་ཐུན་མོང་མ་ཡིན་པའི་འགུལ་རིས་གསར་པ་སོགས་དེ་རིང་སྤེལ་འཆར་ཡོད་པའི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།།
ལེ་ཚན།
-
སྤྱི་ཟླ་བཞི་པ། ༠༡།༢༠༢༥
ཀུན་གླེང་།
-
སྤྱི་ཟླ་བཞི་པ། ༠༡།༢༠༢༥
ཀུན་གླེང་ཐད་གཏོང་།
-
སྤྱི་ཟླ་གསུམ་པ། ༣༡།༢༠༢༥
ཀུན་གླེང་།
-
སྤྱི་ཟླ་གསུམ་པ། ༢༩།༢༠༢༥
ཀུན་གླེང་ཐད་གཏོང་།
-
སྤྱི་ཟླ་གསུམ་པ། ༢༨།༢༠༢༥
ཀུན་གླེང་།
-
སྤྱི་ཟླ་གསུམ་པ། ༢༨།༢༠༢༥
ཀུན་གླེང་ཐད་གཏོང་།