ཀུན་གླེང་ཐད་གཏོང་། ༢༠༢༥ ཟླ ༢ ཚེས ༢༡
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ཕྱིར་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་པ་དང་། ཨ་རི་དང་ཡུག་ཀེ་རན་གྱི་འབྲེལ་ལམ། ཧ་མ་སིས་རྩིས་སྤྲོད་བྱས་པའི་ཨི་སི་རལ་གྱི་ཨ་མ་ཞིག་གི་ཕུང་པོ་ངོ་འཕྲོད་བྱུང་མེད་པ། ཨ་རིའི་ཞིབ་དཔྱོད་ལས་ཁུངས་ཀྱི་འགན་འཛིན་གསར་པ། ཐེ་ཝན་གྱི་བདེ་འཇགས། རྒྱ་གར་གྱི་འོས་བསྡུ་སོགས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དགོན་པའི་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ་དང་རྒྱལ་སྤྱིའི་ལིག་མིན་རྐྱ་ཆོས་ཚོགས་ཀྱི་འགན་དགེ་བཤེས་འཛིན་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་རྣམ་གཉིས་གདན་འདྲེན་ཞུས་ནས་དགུང་ལོ་༡༠༠་ལ་ཕེབས་པའི་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེས་བཙན་བྱོལ་སྤྱི་ཚོགས་སུ་བོད་ཀྱི་ཆོས་དང་རིག་གཞུང་། ཁྱད་པར་དུ་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་རྗེས་སོགས་ལ་བཞག་པའི་མཛད་རྗེས་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།།
ལེ་ཚན།
-
སྤྱི་ཟླ་བཞི་པ། ༠༡།༢༠༢༥
ཀུན་གླེང་།
-
སྤྱི་ཟླ་བཞི་པ། ༠༡།༢༠༢༥
ཀུན་གླེང་ཐད་གཏོང་།
-
སྤྱི་ཟླ་གསུམ་པ། ༣༡།༢༠༢༥
ཀུན་གླེང་།
-
སྤྱི་ཟླ་གསུམ་པ། ༢༩།༢༠༢༥
ཀུན་གླེང་ཐད་གཏོང་།
-
སྤྱི་ཟླ་གསུམ་པ། ༢༨།༢༠༢༥
ཀུན་གླེང་།
-
སྤྱི་ཟླ་གསུམ་པ། ༢༨།༢༠༢༥
ཀུན་གླེང་ཐད་གཏོང་།