No media source currently available
གཞིས་བྱེས་ལྷ་ངམ་ཕུན་གསུམ་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དཔལ་ས་སྐྱ་པ་ཆེན་པོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གནང་བ་དང་། ས་སྐྱ་གོང་མ་མཆོག་ནས་མང་ཚོགས་ལ་ཆོས་འབྲེལ་ཚེ་དབང་ལོ་བརྒྱ་མ་སྩལ་གནང་མཛད་ཡོད་པ་རེད།