ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༠/༡༦

ཀུན་གླེང་། ༢༠༢༤ ལོའི་ཟླ་༡༠ ཚེས་༡༥


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་གཟའ་མིག་དམར་ཉིན་གྱི་ཀུན་གླེང་གསར་འགྱུར་ནང་རྒྱ་ནག་གིས་ཐེ་ཝན་གྱི་མཐའ་སྐོར་དུ་དམག་སྦྱོང་དང་། འཛམ་གླིང་དཀྱིལ་ཤར་ས་ཁུལ་གྱི་དམག་འཁྲུག་གི་གནས་སྟངས། ཨ་རིའི་ནང་རླུང་འཚུབ་གོད་ཆགས་ཀྱི་ཉེན་སྐྱོབ། སྲིད་འཛིན་འོས་བསྡུའི་དྲིལ་སྒྲོག་ཁྲོད་གྲགས་ཅན་སྒྱུ་རྩལ་མི་སྣའི་རྒྱབ་སྐྱོར། སྲིད་སྐྱོང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་དང་ཐུག་འཕྲད་གནང་བ་སོགས་ཡོད། ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་ཡུ་རོབ་དང་ཨེ་ཤེ་ཡའི་རྒྱལ་ཁབ་འགའ་ཤས་ནང་ཕྲུ་གུ་སྐྱེ་ཚད་ཉུང་དུ་འགྲོ་བཞིན་པའི་གནད་དོན་དེར་གདོང་ལེན་ཆེད་དུ་གཞུང་སོ་སོའི་ངོས་ནས་ཐབས་ལམ་འདྲ་མིན་ལག་བསྟར་བྱས་ཡོད་ཀྱང་དོན་ཕན་ལྡན་པའི་གྲུབ་འབྲས་གང་ཡང་ཐོབ་ཐུབ་མེད་པའི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།།

XS
SM
MD
LG