ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༠/༡༦

ཀུན་གླེང་། ༢༠༢༤ ལོའི་ཟླ་༡༠ ཚེས་༡༡


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ནས་ཧི་མ་ཅལ་མངའ་སྡེའི་ཁྲིམས་དཔོན་ཆེ་བ་མཆོག་ལ་མཇལ་ཁ་སྩལ་བ། ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་བལ་ཡུལ་ནང་གསུང་ཆོས་དབུ་འཛུགས། ཧན་ཁཱང་ལ་༢༠༢༤ ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟཊ་ཐོབ་ཡོད་པའི་སྐོར་དང་། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་སོགས་ཡོད། ཀུན་གླེང་ལས་རིམ་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་བྱེས་ཀྱི་གདན་ས་ཁག་ཏུ་དགེ་བཤེས་ལྷ་རམས་པ་ཐོན་པའི་རྗེས་སུ་གཞུང་ཆེན་བྱེ་བྲག་པ་རེར་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་གནང་སྲོལ་གསར་པ་ཞིག་འགོ་ཚུགས་ཡོད་ཅིང་། གཤམ་ལ་རྡོ་རྗེ་ཚེ་བརྟན་ནས་སེར་བྱེས་དགེ་བཤེས་ལྷ་རམས་པ་དང་དབུ་མ་རིགས་གཅིག་རྐང་འཛིན་པ་ངག་དབང་སྟོབས་ལྡན་ལགས་སུ་བཅར་འདྲི་ཞུ་རྒྱུ་ཡིན།

XS
SM
MD
LG