ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༠/༡༦

ཀུན་གླེང་། ༢༠༢༤ ལོའི་ཟླ་༡༠ ཚེས་༡༠


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཐེ་ཝན་གྱི་སྲིད་འཛིན་ལེ་ཆིང་ཏེས་གཏམ་བཤད་གནང་སྐོར་དང་། རྒྱལ་སྤྱིའི་སེམས་ཁམས་འཕྲོད་བསྟེན་ཉིན་མོ། ལྷོ་བྱང་ཀོ་རི་ཡ་བར་གྱི་འགྲུལ་ལམ་ཡོད་ཚད་མཚམས་འཇོག་བྱ་རྒྱུ། རྡ་ཤོད་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་མི་ལོ་བཞི་བཅུ་ཕྱིན་པའི་ཉིན་མོ་སྲུང་བརྩི། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད། བོད་མདོ་སྨད་མགོ་ལོག་དབལ་ཤུལ་དཔོན་པོ་རིག་འཛིན་དོན་གྲུབ་ཀྱིས་༡༩༥༨ ལོར་ཡུལ་དམག་འཁྲིད་དེ་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱས་ནས་རང་སྲོག་ཤོར་བའི་སྐོར་དང་། དབལ་ཤུལ་དཔོན་རབས་དང་ད་ལྟའི་གནས་སྟངས་སྐོར་ལ་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་རྒྱ་མཚོར་གསར་འགོད་པ་ཚུལ་ཁྲིམས་རྒྱ་མཚོས་བཅར་འདྲི་ཞུས་ཡོད།

XS
SM
MD
LG