བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་མཇུག་སྒྲིལ་བ།
ཉིན་གྲངས་༡༣ ་རིང་བཞུགས་སྒར་རྡ་རམ་ས་ལར་ཚོགས་པའི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་༢༧ པ་དེ་བཞིན་ཕྱི་ཟླ་༤་ཚེས་༢༢ ཉིན་བོད་ཀྱི་ཟློས་གར་ཚོགས་པས་རྨེ་རུ་སྤོངས་སངས་ཀྱི་གཞུང་རྒྱལ་སྲས་དད་པ་བརྟན་པའི་འཁྲབ་གཞུང་གཟིགས་འབུལ་གྱིས་མཇུག་སྒྲིལ་གནང་སོང་། ཐེངས་འདིའི་ཞོ་སྟོན་ཐོག་ལྷ་མོ་ཚོགས་པ་༡༣ དང་སྒྱུ་རྩལ་བ་༤༥༢ མཉམ་ཞུགས་གནང་།