བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་༢༧ པ་དབུ་འབྱེད་གནང་།
བོད་ཀྱི་ཟློས་གར་ཚོགས་པས་གོ་སྒྲིག་འོག་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ དེ་བཞིན་བོད་ཀྱི་ཟློས་གར་དུ་རྒྱ་གར་གྱིས་གཙོས། བལ་ཡུལ། ཨ་རི་བཅས་ནས་ལྷ་མོ་ཚོགས་པ་ཁག་ ༡༣ མཉམ་ཞུགས་ཀྱིས་དེ་རིང་ཕྱི་ཟླ་ ༤ ཚེས་ ༡༠ ཉིན་དངོས་སུ་དབུ་འཛུགས་གནང་སོང་། ལྷ་མོ་ཚོགས་པ་ཁག་གིས་ཚེས་༢༢ བར་ལྷ་གཞུང་ཁག་གཟིགས་འབུལ་གནང་རྒྱུ་ཡིན་པ་རེད་འདུག