ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

ཀུན་གླེང་། ༢༠༢༤ ལོའི་ཟླ་༢ ཚེས་༡༤


ཀུན་གླེང་། ༢༠༢༤ ལོའི་ཟླ་༢ ཚེས་༡༤
please wait

No media source currently available

0:00 0:59:58 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་གྲོས་ཚོགས་སུ་བོད་དོན་ཁྲིམས་འཆར་ལ་འོས་བསྡུ་བྱས་པ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ཀྱི་ལོ་སར་ལ་གསོལ་སྟོན་བཤམས་པ། ཨ་རིའི་ས་ཁུལ་ཁག་ཅིག་ཏུ་དམིགས་བསལ་གྱི་ལོ་སར་ལས་སྒོ་སྤེལ་བ། ༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ། ཨ་རིའི་ཕྱི་རྒྱལ་རོགས་དངུལ་གྲོས་འཆར་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་གདན་འདྲེན་ཞུས་ཏེ་བཙན་བྱོལ་བོད་མིས་མྱོང་བཞིན་པའི་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་ཞེས་པའི་སྙན་ཐོའི་བགྲོ་གླེང་ཞུ་རྒྱུ་དང་། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཆོས་སྐྱིད་ལགས་དང་མཉམ་དུ་རྒྱ་ནག་གིས་དྲ་ལམ་གྱི་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་དང་སྨྲ་བརྗོད་བཅས་ལ་ཚོད་འཛིན་དང་ལྟ་རྟོག་བྱེད་པར་བེད་སྤྱོད་གཏོང་གི་ཡོད་པའི་སྐོར་སྙན་ཐོ་ཞིག་ཐོན་ཡོད་པའི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG