ཀུན་གླེང་། ༢༠༢༣ ལོའི་ཟླ་༡༡ ཚེས་༡༧
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རི་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཀྱི་མཇལ་འཕྲད་དང་གྲུབ་འབྲས་ལ་དཔྱད་བརྗོད། དེ་བཞིན་APEC ཚོགས་ཆེན་དང་བསྟུན་པའི་བོད་དོན་ངོ་རྒོལ་སྐད་འབོད། ༧གོང་ས་མཆོག་གིས་སོག་པོའི་དགེ་བཤེས་ཁག་ཅིག་ལ་མཇལ་ཁ་གནང་བ། ཨུ་ཡུག་དམག་འཁྲུག་དང་གྷ་ཛའི་དམག་འཁྲུག་གི་གནས་སྟངས་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་ཨ་རིའི་ནང་སྐད་འཕྲིན་ཁྲིམས་ལ་གཏུག་པ་དང་། APEC ་ཚོགས་ཆེན་རིང་གི་བོད་མི་ཚོའི་མཉམ་འབྲེལ་བོད་དོན་ལས་འགུལ། རྫོགས་སངས་ཚེ་ལྷ་ལགས་ངོ་སྤྲོད་སོགས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་སྤྱི་ལོ་ ༡༩༨༨ ཟླ་ ༣ ཚེས་༥ ཉིན་ལྷ་སའི་སྨོན་ལམ་སྐབས་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་བའི་འབྲས་སྤུངས་དགོན་པའི་དགེ་འདུན་པ་ངག་དབང་སྟོབས་ཆེན་ལགས་ངོ་སྤྲོད་བྱེད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་དང་ལྷན། ཨ་རི་དང་རྒྱ་ནག་གི་འགོ་ཁྲིད་གཉིས་ཀྱི་མཇལ་འཕྲད་དེའི་གནད་འགག་དང་སྲིད་འཛིན་བྷ་ཌན་གྱིས་བོད་དོན་གླེང་སློང་གནང་ཡོད་མེད་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།
ལེ་ཚན།
-
སྤྱི་ཟླ་བཅུ་གཉིས་པ། ༢༥།༢༠༢༤
ཀུན་གླེང་ཐད་གཏོང་། ༢༠༢༤ ཟླ ༡༢ ཚེས ༢༥
-
སྤྱི་ཟླ་བཅུ་གཉིས་པ། ༢༤།༢༠༢༤
ཀུན་གླེང་ཐད་གཏོང་། ༢༠༢༤ ཟླ ༡༢ ཚེས ༢༤
-
སྤྱི་ཟླ་བཅུ་གཉིས་པ། ༢༣།༢༠༢༤
ཀུན་གླེང་ཐད་གཏོང་། ༢༠༢༤ ཟླ ༡༢ ཚེས ༢༣
-
སྤྱི་ཟླ་བཅུ་གཉིས་པ། ༢༠།༢༠༢༤
ཀུན་གླེང་ཐད་གཏོང་། ༢༠༢༤ ཟླ ༡༢ ཚེས ༢༠
-
སྤྱི་ཟླ་བཅུ་གཉིས་པ། ༡༩།༢༠༢༤
ཀུན་གླེང་གསར་འགྱུར།
-
སྤྱི་ཟླ་བཅུ་གཉིས་པ། ༡༩།༢༠༢༤
ཀུན་གླེང་ཐད་གཏོང་། ༢༠༢༤ ཟླ ༡༢ ཚེས ༡༩